དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས།

    དཔོན་དམག་སྒྲིག་འཛུཌ་བྱས་ནས་སྲིད་གཙང་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ཆེད་དོན་སློབ་གསོ་དང་ལེན་བྱེད་པར་བསྐྱོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-12

    “འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱས་ཏེ་ལས་བྱེད་པའི་རྐང་འཛིན་དཔུང་ཁག་གི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྤྱོད་གཙང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དམག་དཔོན་དང་དེ་བཞིན་གཙོ་གནད་ལས་གནས་ཀྱི་མི་སྣ་སྒྲིག་འཛུགས་བྱས་ཏེ། བཅའ་སྡོད་བྱ་ཡུལ་གྱི་སྲིད་གཙང་ཉེན་བརྡའི་སློབ་གསོའི་རྟེན་གཞིར་བསྐྱོད་ནས་ཆེད་དོན་ལྟ་སྐོར་སློབ་སྦྱོང་བྱས་པ་རེད།

    འགྲེམས་ཁང་ནང་གསར་འགྲེལ་བའི་ཁྲིད་སྟོན་འོག ཚང་མས“རུལ་རྒོལ་གྱི་ལོ་རྒྱུས་བརྒྱུད་རིམ”དང་། “དཔེ་དྲངས་ཉེན་བརྡའི་སློབ་གསོ”“འགྱོད་བཤགས་གསལ་ཐོ”“སྤྱོད་གཙང་སྲིད་གཙང”སོགས་ཀྱི་འགྲེམས་ཁུལ་ལ་སྔ་རྗེས་སུ་ལྟ་སྐོར་བྱས་ཤིང་། འགྲེམས་ཁང་གིས་ཡིག་རིས་འགྲེམས་པང་དང་། ཅ་དངོས་འགྲེམས་སྟོན། བརྒྱུད་ལམ་སྣེ་མང་གི་དཔེ་སྟོན་བཅས་ཀྱི་རྣམ་པའི་ཐོག་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་གི་བརྒྱུད་རིམ་ཕྱིར་དྲན་བྱས་པ་མ་ཟད། ཉེ་བའི་ལོ་ཤས་རིང་ཞིབ་བཤེར་ཐག་གཅོད་བྱས་པའི་སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་གཏིང་ཟབ་ཀྱང་བྱས་པ་རེད།

    ལྟ་སྐོར་མཇུག་འགྲིལ་རྗེས། ན་གཞོན་དམག་དཔོན་ཁ་ཤས་ཀྱིས་འགོ་ཁྲིད་དེ་རང་ཉིད་ཀྱི་མྱོང་ཚོར་གླེང་སྐབས། ཁོང་ཚོས“དེ་སྔ་སྲིད་གཙང་ནི་མཐའ་ཚད་ཅིག་ཡིན་པར་སྙམ་ཡང་། དེ་རིང་མཐའ་ཚད་དེའི་སྟེང་དམར་ཐིག་ཡོད་པ་ད་གཟོད་གཞི་ནས་ཤེས་བྱུང་བས། རྩ་འཛུགས་ཀྱིས་ང་ཚོར་ཡིད་ཆེས་བྱེད་པ་དང་། ཁྱིམ་མིས་ང་ཚོར་རེ་བ་བཅོལ་བ། འཐབ་གྲོགས་ཀྱིས་ང་ཚོར་བལྟས་ནས་བསྡད་ཡོད་པས་སྐད་ཅིག་ཙམ་ཡང་ནོར་འཁྲུལ་མི་ཤོར་བ་བྱེད་ཀྱི་ཡིན”ཞེས་བཤད།

    ད་ཐེངས་ཀྱི་དངོས་ལྗོངས་སློབ་ཚན་བརྒྱུད་དཔོན་དམག་ཚོས་གུས་སྐྲག་སྐྱེད་པ་དང་། རང་སྦྱོང་རང་གཅུན་གྱིས་དམག་དཔུང་སྟོབས་ཆེར་གཏོང་བའི་ལག་ལེན་ཁྲོད་སྤྱོད་གཙང་གི་རང་གཤིས་ནམ་ཡང་མཐའ་འཁྱོངས་ཀྱིས་སྤྱོད་བཟང་གི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།