དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • “ང་ནི་དམག་མི་ཞིག་ཡིན་པས། དེ་ནི་ངས་བྱེད་དགོས་ངེས་རེད”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-12

    འདི་ནི་ཚོང་ཁང་སྦྱིན་བདག་ཧྥང་ལགས་ཀྱིས་སྤྲད་པའི་གོས་དར་ཡིན་པ།

    འདི་ནི་ལེང་ལུང་གིས་ནང་སྦྱོང་བྱེད་བཞིན་པ།

    ཉེ་ཆར་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་ལ་ལེ་དབར་སྟོང་ནས་བསྐུར་འོང་བའི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་གཉིས་འབྱོར་ཞིང་། དེ་ནི་ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་མེ་ཐན་རྫོང་ཀའོ་ཐའེ་གྲོང་རྡལ་མི་དམངས་སྲིད་གཞུང་དང་། ས་གནས་དེ་གའི་མང་ཚོགས་ཤིག་གིས་བསྐུར་འོང་བ་ཞིག་རེད། དེའི་ནང་། དཔུང་སྡེ་དེའི་དམག་མི་ལེང་ལུང་གིས་འཁོར་ཞག་སྡོད་སྐབས་རང་སྲོག་ལ་མ་འཛེམས་པར་མེ་བསད་དེ་མི་བསྐྱབས་པར་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་ཡོད།

    ད་ལོའི་ཟླ་བ་གསུམ་པར་ལེང་ལུང་འཁོར་ཞག་ལ་ཕྱིན་ནས་ཁྱིམ་དུ་བསྡད་ཡོད། ཟླ་3ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་སྔར་རྒྱུན་བཞིན་ཁོང་ཉེ་འགྲམ་གྱི་ཚལ་ཁྲོམ་དུ་སྔོ་ཚལ་ཉོ་བར་སྐྱོད་སྐབས། ཁྲོམ་གཞུང་དང་ཉེ་བའི་ཚོང་ཁང་ཞིག་གི་སྒོ་དང་སྒེའུ་ཁུང་ནས་མེ་དམར་འཕྱུར་རེར་འབར་བ་མ་ཟད་རླུང་བུས་མེ་ཤུགས་ཆེ་རུ་འགྲོ་བཞིན་པ་མཐོང་།

    དེའི་ཚེ་ས་གནས་དེ་གའི་མེ་གསོད་རུ་མི་འབྱོར་མེད་པས་ལེང་ལུང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་འཕྲལ་མར་མེ་གསོད་སྒྲིག་ཆས་བཙལ་ཏེ་དེ་བེད་སྤྱོད་ཡོད་མེད་ཞིབ་བཤེར་གྱིས་མང་ཚོགས་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ཏེ་འཕྲལ་མ་ཉིད་དུ་མེ་གསོད་པའི་བྱ་བར་ཞུགས་པ་རེད།

    ལེང་ལུང་གིས་འཕྲལ་མར་མེ་གསོད་པ་དང་མི་སྣ་སྐྱོབ་པའི་ལས་ལ་ཞུགས་པར་བརྟེན་མེ་ཟོན་རོགས་སྐྱོབ་བྱེད་མཁན་ཡུལ་དངོས་ལ་མེ་གསོད་པར་འགྲོ་བའི་དུས་ཚོད་བརྩོན་ལེན་ཐུབ་ཡོད། ལེང་ལུང་གིས་རང་འགུལ་ངང་མེ་གསོད་རོགས་སྐྱོབ་པར་མེ་སྐྱོན་ཐོན་སའི་གནས་ཚུལ་གསལ་བཤད་བརྒྱབ་པའི་ཁར་མེ་གསོད་དང་མེ་སྐྱོན་ཐོན་ཡུལ་གཙང་སེལ་གྱི་ལས་དོན་སྤེལ་རྒྱུར་གཞོགས་འདེགས་ཀྱང་བྱས་ཤིང་། མེ་རྦད་དེ་བསད་ཐུབ་ནས་ཡུལ་དངོས་ལ་ཉེན་ཁ་དེ་ཙམ་མེད་པ་མཐོང་རྗེས། ཁོང་གིས་སྐད་གྲགས་མེད་པར་ས་ཡུལ་དངོས་ནས་ཁ་བྲལ་བ་རེད།

    མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་ཁ་འཕྲད་པའི་འགག་རྩའི་དུས་སུ། ལེང་ལུང་གིས་རང་ཉིད་ཀྱི་སྲོག་ཉེན་ལ་མ་བལྟོས་པར་དཔའ་ངར་ཆེར་བསྐྱེད་ཀྱིས་མེ་གསོད་བྱ་བའི་ནང་ཞུགས་ཏེ། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས“བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི”རྩ་བའི་དམིགས་ཡུལ་ལག་ལེན་བསྟར་ནས། དུས་རབས་གསར་པའི་གསར་བརྗེའི་དམག་མིས་འགན་འཁྲི་འཁུར་ཕོད་པ་དང་དཔའ་ངར་ཞུམ་མེད་ཀྱི་སྤྱོད་ཚུལ་བཟང་པོ་མངོན་པ་མ་ཟད། དམག་མིའི་གཟུགས་བརྙན་མི་སེར་གྱི་སེམས་ནང་དེ་བས་ཟུག་པར་ཡང་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།