རྒྱལ་སྲུང་འདུ་ཤེས་བརྟན་པོར་བཙུགས། དུས་རབས་མི་གསར་བརྩོན་ལེན་བྱེད།

ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་དང་བོད་ལྗོངས་གཞོན་ནུ་ལོ་ཆུང་ལག་ལེན་སློབ་གསོའི་རྟེན་གཞིས་སྐྲུན་འགན་ཁུར་བའི“རྒྱལ་སྲུང་འདུ་ཤེས་བརྟན་པོར་བཙུགས། དུས་རབས་མི་གསར་བརྩོན་ལེན་བྱེད”ཅེས་པའི་2026ལོའི་བོད་ཀྱི་གཞོན་ནུ་ལོ་ཆུང་བརྒྱའི་དམག་དོན་སྦྱོང་བརྡར་སྒར་གྱི་བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་རེད། ལྷ་ས་གྲོང་ཁྱེར་མཐོ་འབྲིང་གཉིས་པ་དང་ལྷ་ས་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་གི་གཞོན་ནུ་ལོ་ཆུང་100སྦྱོང་བརྡར་སྒར་དུ་ཞུགས་ཏེ་དུས་ཡུན་ཉིན་6རིང་གི་དམག་དོན་ལག་ལེན་དང་རྒྱལ་སྲུང་སློབ་གསོའི་སྦྱོང་བརྡར་བྱེད་འགོ་ཚུགས་ཤིང་། འདི་ནི་གཞོན་ནུ་ལོ་ཆུང་གིས་སྦྱོང་བརྡར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།