དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས།

    འགྲིམ་འགྲུལ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-12

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་འགྲིམ་འགྲུལ་བདེ་འཇགས་ལྟ་འདོམས་དང་དྲིལ་བསྒྲགས་རུ་ཆེན་གྱིས་རང་སྐྱོང་ལྗོངས་ལས་ཁུངས་ལས་དོན་དོ་དམ་ཅུས་སུ་བསྐྱོད་དེ། “བོད་ལྗོངས་ལས་ཁུངས་ལས་དོན་གྱི་འཆད་ཁྲིད་ཆེན་པོ། འགྲིམ་འགྲུལ་ཁྲིམས་སྲོལ་གྱི་ཉེན་ཟོན་སློབ་གསོའི”བརྗོད་དོན་གཙོ་བོའི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་ནས། ཅུས་དེའི་ལས་བྱེད་ལས་བཟོ་ཡོངས་ལ་ཆེད་ལས་དང་གསོན་ཉམས་དོད་པའི་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི“ངེས་སྦྱོང་སློབ་ཚན”ཞིག་ཁྲིད་པ་རེད།

    སྒྲོག་འགྲེལ་བྱེད་རིང་། མི་དམངས་ཉེན་རྟོག་པས་བདེ་འཇགས་དང་ཡ་རབས་ངང་རླངས་འཁོར་གཏོང་བ་དང་། ཆང་བཏུངས་འཁོར་གཏོང་གི་ཉེན་ཁ། དཔེ་མཚོན་ལས་འཛོལ་གྱི་གྱོད་དཔེ་སོགས་གཙོ་གནད་ཆེན་པོ་གསུམ་ལ་དམིགས་ནས་དབྱེ་ཞིབ་བྱས་རྗེས། དཔེ་མཚོན་ལས་འཛོལ་གྱི་གྱོད་དཔེའི་བརྙན་ཐུང་སྟོན་པ་དང་མྱུར་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ་དང་། ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ། སྣང་བ་གཡེངས་ནས་རླངས་འཁོར་གཏོང་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལས་ཐོན་པའི་མཇུག་འབྲས་ངན་པ་ཐད་ཀར་བསྟན་པ་རེད།

    ས་མཐོའི་ཁུལ་གྱི་འགྲོ་ལམ་གྱི་ས་དབྱིབས་རྙོག་འཛིང་ཆེ་བ་དང་གནམ་གཤིས་འགྱུར་ལྡོག་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། མི་དམངས་ཉེན་རྟོག་པས་ས་གནས་དེ་གར་ལྷག་པའི་མཚོན་བྱེད་རང་བཞིན་གྱི་འགྲིམ་འགྲུལ་ལས་འཛོལ་གྱི་གྱོད་དཔེ་མང་པོ་བདམས་ནས་ལས་འཛོལ་ཐོན་རྐྱེན་ལ་དབྱེ་ཞིབ་ཡག་པོ་དང་ཉམས་མྱོང་དང་བསླབ་བྱར་ཕྱོགས་སྡོམ་བྱས་ཏེ། སྒྲོག་འགྲེལ་གྱི་ནང་དོན་ལ་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་གང་ལེགས་ལྡན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།