གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྲིམས་སྒྱུར་ཁྲིམས་འཛིན་གྱི“ཕྱིར་མིག་ལྟ་བར”ཆེད་དོན་ཞིབ་བཤེར་བྱས་པ།
ཉེ་དུས། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་2026ལོའི་ལས་ཀའི་དུས་འཁོར་དང་པོའི་ཁྲིམས་སྒྱུར་ཁྲིམས་འཛིན་གྱི“ཕྱིར་མིག་ལྟ་བར”ཆེད་དོན་ཞིབ་བཤེར་དང་གྱོད་གཞིའི་དཔྱད་བཤེར་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་གྱོད་གཞིའི་དོན་དངོས་ངེས་བཟུང་དང་། དཔང་རྟགས་བསྡུ་ལེན། བཅའ་ཁྲིམས་སྤྱོད་འཐུས། གོ་རིམ་ཚད་ལྡན། ཡིག་ཆའི་སྤུས་ཚད་སོགས་ལ་གནད་དོན་ཡོད་མེད་གཙོ་གནད་ཐོག་དཔྱད་བཤེར་བྱས་པ་རེད། ཁྱོན་གྱོད་གཞིའི་ཡིག་ཁུག་35ལ་དཔྱད་བཤེར་བྱས་པ་དང“གྱོད་གཞི་རེར་དཔྱད་འབེབས་རེའི”ལམ་སྲོལ་ལག་བསྟར་གྱིས་ཕྱོགས་ཡོངས་ནས་ཞིབ་ལྟ་བྱས་ཏེ་ཤེས་རྟོགས་བྱུང་བའི་གནད་དོན་ལ་དག་ཐེར་གྱི་བླང་བྱ་དང་དག་ཐེར་བྱེད་པའི་དུས་བཅད་ཁ་གསལ་བཏོན་པ་རེད།
ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་དང་གྱོད་གཞིར་དཔྱད་བཤེར་བྱེད་པའི་བྱེད་སྒོ་དེས་ཁྲིམས་སྒྱུར་ཁྲིམས་འཛིན་ལྷུ་ཚིགས་ཁྲོད་ལྷག་པའི་མི་མངོན་པའི་ཉེན་ཁ་ནུས་ལྡན་ངང་གྲལ་བཤེར་ཐུབ་པ་མ་ཟད། ཞིབ་བཤེར་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་དག་ཐེར་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལག་བསྟར་གྱི་སྤུས་ཚད་དང་ལས་ཕྱོད་རྒྱུན་མཐུད་མཐོ་རུ་འགྲོ་བར་སྐུལ་མ་ཐེབས་ནས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་ཆེད་འགན་ལེན་ནུས་ལྡན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།