དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས“དམག་སྒར་དུ་བཅའ་ཁྲིམས་ཁྱབ་གདལ”གྱི་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-29

    ཉེ་ཆར། གོ་འཇོ་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་རྫོང་མི་དམངས་ཁྲིམས་ཁང་དང་མཉམ་དུ་ལས་སྒོའི་རྐང་འཛིན་པ་ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་པ་བཅའ་སྡོད་བྱ་ཡུལ་གྱི་ཐོན་སྐྱེད་ལེན་ཤོག་ཏུ“དམག་སྒར་དུ་བཅའ་ཁྲིམས་ཁྱབ་གདལ”གྱི་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་མངགས་པ་རེད།

    སྒྲོག་འགྲེལ་པས་ཐོན་སྐྱེད་ལེན་ཤོག་གི་ལས་ཀའི་ངོ་བོ་དང་དཔོན་དམག་གི་རྒྱུན་གཏན་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“གྱོད་དཔེར་དབྱེ་ཞིབ་དང་བཅའ་ཁྲིམས་དོན་ཚན་གྱི་གསལ་འགྲེལ་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནང་གི་གཉེན་སྒྲིག་ཁྱིམ་ཚང་དང་། རྒྱུ་ནོར་གྱི་རྩོད་གཞི། དབང་གནོད་འགན་འཁྲི་སོགས་དཔོན་དམག་གི་བདེ་རྩའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཀྱི་དོན་གནད་ལ་གསལ་འགྲེལ་བརྒྱབ་པ་རེད། གཞོན་ནུ་དཔོན་དམག་གི་ཁྱད་ཆོས་ལ་དམིགས་ཏེ་སྒྲོག་འགྲེལ་པས་ད་དུང་ཉེས་གསོག་གི་གནོད་འཚེ་དང་སེམས་ཁམས་ཀྱི་གལ་ཆེའི་རང་བཞིན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་དཔོན་དམག་ཚོར་རང་འགུལ་ངང་སེམས་ཁམས་ལ་ཚོད་འཛིན་བྱེད་པ་དང་གནས་སྐབས་ཀྱི་ངར་ལངས་པ་ལས་མཇུག་འབྲས་ངན་པ་མི་ཐོན་པ་བྱ་རྒྱུར་ཁྲིད་སྟོན་བྱས་པ་མ་ཟད། ཉེན་ཆེའི་འཁོར་གཏོང་སོགས་ཀྱི་ནང་དོན་ལ་གོ་བདེ་བའི་འགྲེལ་བཤད་ཀྱང་བརྒྱབ་པ་རེད།

    ད་ཐེངས་ཀྱི་སྒྲོག་འགྲེལ་ཐོག་གསོན་ཉམས་དོད་པའི་གྱོད་དཔེ་དངོས་དྲངས་ནས་གོ་དཀའ་བའི་བཅའ་ཁྲིམས་དོན་ཚན་དེ་དཔོན་དམག་གིས་གོ་ཐུབ་པ་དང་། བློ་ལ་ངེས་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི“ཁྲིམས་སྐྱོང་གི་གཏམ་རྒྱུད”ཅིག་ཏུ་འགྱུར་བར་བྱས་ཏེ་དཔོན་དམག་གིས་བཅའ་ཁྲིམས་ཀྱི་མཚོན་ཆར་བརྟེན་ནས་རང་ཉིད་་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་ཤེས་པར་ཁྲིད་སྟོན་ནུས་ལྡན་བྱེད་པ་དང་། ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་མིག་དཔེ་རང་རྟོགས་ངང་འདོན་པ། དཔོན་དམག་གི་ཁྲིམས་སྐྱོང་གི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་བཅས་བྱས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་ཁྲིམས་སྐྱོང་གི་སྒུལ་ཤུགས་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།