དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མང་ཚོགས་ཀྱི་སྒོ་རྩར་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་པ།

    ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-29

    འདི་ནི་གསེར་རྙེད་ཆུས་ན་དམར་ཆེ་ཤང་གི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    བོད་བྱང་ཐང་དུ་ཁ་བ་བུ་ཡུག་འཚུབ་མང་བ་དང་གནམ་གཤིས་གྲང་ངར་ཆེ་ན་ཡང་ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི“ཁྲིམས་སྐྱོང་གི་འོད་སྣང”ཞེས་པའི་ཁྲིམས་ལུགས་དྲིལ་བསྒྲགས་རུ་ཁག་གི་གོམ་སྟབས་མཚམས་འཇོག་མྱོང་མེད། ཁོང་ཚོས“གང་དུ་མང་ཚོགས་ཡོད་ན་དེ་གར་ཁྲིམས་སྐྱོང་སློབ་ཚན་ཡོད་པའི”དམ་བཅའ་བློ་ལ་བརྟན་པོར་ངེས་ནས་བཅའ་ཁྲིམས་ཤེས་བྱ་ཐག་རིང་ལུང་ཁུག་གི་གྲོང་ཚོ་དང་། བྲེལ་བརྩོན་ཆེ་བའི་ལས་ཡུལ། འཁྲུག་ཆ་དོད་པའི་ཚོང་ར་བཅས་ཚང་མར་བརྒྱུད་བསྒྲགས་བྱས་ཏེ་ཁྲིམས་སྐྱོང་སྙིང་སྟོབས་ཀྱི་རྩ་བ་ཚུགས་པར་བྱས་ཡོད།

    གྲོང་ཚོར་ཁྲིམས་ལུགས་ཁྱབ་གདལ་རུ་ཁག་སླེབས་པ།

    “དེ་རིང་ང་ཚོས་གནས་ལུགས་ཆེན་པོ་མི་ཤོད་པར་ང་ཚོའི་ཉེ་འགྲམ་གྱི་གནས་ཚུལ་ཤོད་ཀྱི་ཡིན”ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ན་དམར་ཆེ་ཤང་དུ་རྣམ་པ་མི་འདྲ་བའི་ཁྲིམས་ལུགས་ཁྱབ་གདལ་སློབ་ཚན་ཞིག་འཚོགས་ཤིང་། འཆད་ཁྲིད་པ་ནི་ན་དམར་ཆེ་ཤང་གངས་ལྷ་གྲོང་ཚོར་བཅའ་སྡོད་ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་རུ་ཁག་གི་ལས་བྱེད་ཉེན་རྟོག་པ་ཡིན་པ་དང་ཁོང་གི་མདུན་དུ་ཡོད་པའི“སློབ་མ”ནི་འབྲོག་པ་མང་ཚོགས་རེད།

    ལས་དོན་རུ་ཁག་གིས་བཅར་འདྲི་ཤེས་རྟོགས་བྱེད་རིང་འབྲོག་པ་མང་པོ་ཞིག་གིས་བཅའ་ཁྲིམས་མི་ཤེས་པ་གཏན་ནས་མ་ཡིན་པར། བཅའ་ཁྲིམས་རང་ཉིད་དང་བར་ཐག་ཤིན་ཏུ་རིང་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། ཁོང་ཚོའི་ངོས་འཛིན་བྱེད་སྟངས་ལ་འགྱུར་ལྡོག་བཏང་ནས་བཅའ་ཁྲིམས་ཀྱི“གསོན་ཤུགས”འཕེལ་ཆེད། ལས་བྱེད་ཉེན་རྟོག་པ་ཚོས་ཡིག་ཆ་ཁོ་ན་སྒྲོག་སྦྱངས་བྱེད་སྟངས་དོར་ནས“དཔེ་མཚོན་དང་། བཅའ་ཁྲིམས། དངོས་སྤྱོད་བཅས་ཟུང་དུ་འབྲེལ་བའི”སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་པ་རེད། ཁོང་ཚོས་འབྲོག་པ་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ཁྱིམ་ཚང་གི་རྩོད་གཞི་དང་། ཁྱིམ་མཚེས་དབར་གྱི་འགལ་ཟླ། དམངས་ཁྲོད་ཀྱི་བུ་ལོན་སོགས་ཉེ་འགྲམ་གྱི་གྱོད་དཔེ་བདམས་ནས། བཅའ་ཁྲིམས་ཀྱི་དོན་ཚན་ཁག་གསོན་ཉམས་དོད་པའི་གཏམ་རྒྱུད་དང་ཟུང་འབྲེལ་གྱིས་ཚང་མར་ཇི་ལྟར་བྱས་ཏེ་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས་ལུགས་བསླབས་པ་རེད།

    ཕ་ཡུལ་དུ་ལོག་པའི་ལམ་དུ་ཁྲིམས་སྲུང་བ་ཡོད་པ།

    ལོ་མཇུག་དང་ལོ་འགོ་ནི་ཞིང་པ་ལས་མི་ཁྱིམ་དུ་ལོག་ནས་ནང་མི་མཉམ་འཛོམས་བྱེད་པའི་དུས་རེད། དེའི་སྐབས་སུ་ནག་ཆུ་གྲོང་ཁྱེར་གྱི་ལས་ཡུལ་ཁག་ཏུ་དམིགས་བསལ་གྱི“འཚམས་འདྲི་བ”མང་པོ་ཞིག་སླེབས་ཤིང་། ཁོང་ཚོ་ནི་ཞིང་པ་ལས་མིའི“གླ་ཆ་སྲུང་མཁན”ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་རེད།

    “གཅེན་པོ། ཁྱེད་རང་གི་གན་རྒྱ་དེ་ཚད་ལྡན་རེད་མི་འདུག་པས་གལ་སྲིད་རྩོད་གཞི་ཐོན་ཚེ་ཁེ་དབང་སྲུང་སྐྱོང་བྱེད་ཁག་པོ་ཡོད”ཅེས་ལས་ཡུལ་ཞིག་ཏུ་ལས་བྱེད་ཉེན་རྟོག་པས་སྟབས་བདེའི་ལས་ཁང་དུ་ལས་མི་ཞིག་གི་གན་རྒྱར་ལྟ་བཞིན་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་བཞིན་ཡོད། ཞིང་པ་ལས་མི་ཕ་ཡུལ་དུ་ལོག་སྐབས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐོན་མང་བར་དམིགས་ཏེ། ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཁྲིམས་རར་འདྲི་རྩད་བྱེད་པ”དེ“སྒོ་རྩར་ཞབས་འདེགས་ཞུ་བར”བསྒྱུར་ནས་ལས་ཡུལ་གྱི་འཐབ་ས་དང་པོར་བཅའ་ཁྲིམས་ཞབས་འདེགས་ཞུས་ཡོད། ལས་བྱེད་ཉེན་རྟོག་པ་ཚོས་ས་གནས་ས་ཐོག་ཏུ་དོགས་འདྲིར་ལན་བརྒྱབ་པ་མ་ཟད། ད་དུང་གན་རྒྱ་ཚད་ལྡན་བཟོས་ནས་ལས་མིར་མཛུབ་ཁྲིད་བྱས་ཏེ་ཁྲིམས་མཐུན་ནུས་ལྡན་གྱི་ངལ་རྩོལ་གན་རྒྱ་བཞག་པས་གླ་ཆ་འགྱངས་ཆད་དེ་འབྱུང་རྩ་ནས་བཀག་ཐུབ་པ་བྱུང་ཡོད།

    གཞན་ཡང་ལས་བྱེད་ཉེན་རྟོག་པས་ལས་མི་རྣམས་མི་རིགས་མི་འདྲ་བ་ཡིན་པར་བསམ་གཞིག་བྱས་ཏེ་བོད་རྒྱ་གཉིས་ཀྱི་ཐོག་ནས་སྒྲོག་འགྲེལ་བྱས་པ་དང་རྙོག་འཛིང་ཆེ་བའི་བཅའ་ཁྲིམས་ཤེས་བྱ་གོ་བདེ་ཤེས་སླའི་ཐོག་ནས་འཆད་ཁྲིད་བྱས་ནས། ལས་མི་ཚང་མས“གོ་ཐུབ་པ་དང་། བློ་ལ་ངེས་ཐུབ་པ། སྤྱོད་ཐུབ་པ”བཅས་བྱས་ཐོག དྲོ་སྐྱིད་ལྡན་པའི་ཁྲིམས་འཛིན་ཞབས་ཞུར་བརྟེན་ནས་ཁོང་ཚོ་ཕ་ཡུལ་དུ་ལོག་པའི་ལམ་དུ་གཡས་གཞོགས་གཡོན་འདེགས་བྱས་ཡོད།

    ཚོང་རར་ཁྲིམས་སྐྱོང་གི་ཁྲོམ་བཀྱག་བཙུགས་པ།

    ཟླ་གསུམ་པའི་ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བར་ནག་ཆུ་གྲོང་ཁྱེར་གྱི་ཚོང་རར་དམིགས་བསལ་གྱི“ཁྲོམ་བཀྱག”ཅིག་ཡོད་པ་དེར་མི་རྣམས་ཀྱི་དོ་སྣང་ཆེན་པོ་བྱུང་ཡོད། “ཁྲིམས་སྐྱོང་གི་འོད་སྣང”ཞེས་པའི་བཅའ་ཁྲིམས་དྲིལ་བསྒྲགས་རུ་ཁག་གིས་དེ་གར“ཁྲིམས་སྐྱོང་གི་ཁྲོམ་བཀྱག”བཙུགས་པ་རེད།

    “གསེར་རྙེད་ཀྱི་བཅའ་ཁྲིམས་གསལ་འགྲེལ”དང“སོག་ཤོད་འབྲོག་མོས་ཁྲིམས་ཤོད་པ”སོགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཁྲིམས་ལུགས་ཁྱབ་གདལ་གྱི་སྤུས་རྟགས་རེ་རེ་མང་ཚོགས་ཉེ་འགྲམ་གྱི“བཅའ་ཁྲིམས་བློ་འདྲི་བར”གྱུར་ཡོད། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཚོས་སྒྲོག་ཙེ་བསྒྲིགས་པ་དང་འཕྲེད་འགེལ་སྦྱར་ཡིག་བཀལ་ནས་བཅའ་ཁྲིམས་ཀྱི་དོགས་སེལ་དང་གཅིག་སྡུད་སྒྲོག་འགྲེལ་ཁང་ཕྱི་རོལ་གྱི་སློབ་ཁང་དུ་གཉེར་བ་རེད།

    དེ་དང་ཆབས་ཅིག་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རའི་ཁྲིམས་འཛིན་གྱི“རྟ་དམག་ཧྲག་པོ”དེ་ཡང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས་དང་ཐག་རིང་འབྲོག་རར་བསྐྱོད་ཡོད། གང་དུ་མང་ཚོགས་ཡོད་ན་སྐོར་སྐྱོད་ཁྲིམས་ར་དེ་གར་བསྐྱོད་པ་དང་། མང་ཚོགས་ལ་བཅའ་ཁྲིམས་ཀྱི་དགོས་མཁོ་གང་ཞིག་ཡོད་པར་བཅའ་ཁྲིམས་ཀྱི་ཞབས་ཞུ་དེར་ཞུ་གི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི“ཁྲིམས་སྐྱོང་གི་འོད་སྣང”ཞེས་པའི་ཁྲིམས་ལུགས་དྲིལ་བསྒྲགས་རུ་ཁག་གིས་རིམ་རྩིས་བརྒྱབ་ན་རིགས་ཁག་གི་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་ཐེངས་50ལྷག་ཙམ་སྤེལ་བར་ཞུགས་མཁན་མང་ཚོགས་མི་ཐེངས་3000ལྷག་ཙམ་ཟིན་པ་དང་། དྲིལ་བསྒྲགས་དཔྱད་ཡིག་དང་ཁྲིམས་སྐྱོང་ལག་རྟགས་8000ལྷག་ཙམ་སྤྲད་པ། ས་གནས་ས་ཐོག་ཏུ་མི་ཐེངས་400ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲིར་ལན་བརྒྱབ་པར་བོད་བྱང་ཐང་ས་མཐོའི་གཙོ་གནད་ས་ཁོངས་དང་གཙོ་གནད་མི་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་ཁྱོན་ཡོངས་ནས་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།