དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱིས《སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་དུས་ཐེངས་དང་པོའི་ཆེད་དོན་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-28

    ཉེ་ཆར། 2026ལོའི་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་ཧུར་ཐག་སྐྲུན་པའི་ཆེད་དོན་ཚོགས་ཆུང་གི་ཁོངས་མིའི་ཚན་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་དུས་ཐེངས་དང་པོའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་ཞིང་། ཝུའུ་ཧན་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་རྩོམ་སྒྲིག་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གི་ཁོངས་མི་ཁྲེན་ཧའེ་སུང་ཆེད་དོན་ཟུར་ཁྲིད་ལ་གདན་དྲངས་པ་རེད།

    ཁྲེན་ཧའེ་སུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》གི་རྩོམ་སྒྲིག་བརྒྱུད་རིམ་དང་། དོན་སྙིང་གལ་ཆེན། མ་ལག་སྒྲོམ་གཞི། ལྟེ་བའི་ལམ་ལུགས། བཀྲག་མདངས་འཚེར་ས་གསར་གཏོད་བཅས་དང་དེ་བཞིན་ལག་བསྟར་དོན་འཁྱོལ་བྱེད་རིང་ཁོང་དུ་ཆུད་དགོས་པའི་གཙོ་གནད་གནད་དོན་ལ་དམིགས་ཏེ། བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་ཡོད། སློབ་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་འཆད་འགྲེལ་གནད་ལ་འཁེལ་བས། རིགས་པའི་གཞུང་ལུགས་ཀྱི་ཟབ་ཚད་དང་ལག་ལེན་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད་པ་རེད།

    རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ཐོན་ཁུངས་གསར་སྤེལ་ཁྲུའུ་ཡི་རིམ་པ་དགུ་པའི་ལས་བྱེད་པ་ཝང་ཝུན་ཅིང་གིས། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་བླང་བྱར་གོ་བ་སྔར་བས་ཟབ་མོ་ལེན་ཐུབ་བྱུང་ལ། རིག་གནས་ཡུལ་སྐོར་ལས་དོན་གྱི་སྐྱེ་ཁམས་ཀྱི་མཐའ་ཚད་གསལ་པོ་རྟོགས་བྱུང་། བོད་ཀྱི་རིག་གནས་ཡུལ་སྐོར་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ཁྲིམས་གཞུང་གི་བླང་བྱ་དེ་ཉིད་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་གསར་སྤེལ་དང་ཐོན་ཁུངས་དོ་དམ་ཚོད་འཛིན་གྱི་བརྒྱུད་རིམ་ཧྲིལ་པོར་མཐའ་གཅིག་ཏུ་མཉམ་འདྲེས་ཐུབ་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པའི་མཐའ་ཚད་ཐོག་མཐའ་བར་གསུམ་དུ་བརྟན་པོ་སྲུང་བ། རིག་གནས་ཡུལ་སྐོར་ཐོན་ལས་དང་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།