དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རང་སྲོག་བློས་བཏང་ནས་གྲོང་མི་བསྐྱབས་པ།

    ཉིང་ཁྲིའི་མི་དམངས་ཉེན་རྟོག་པས་ཆུར་ལྷུངས་པའི་བུད་མེད་ཅིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-28

    ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཚེ་རིང་ཆོས་འཕེལ་དང་བཀྲ་ཤིས་དབང་འདུས་ཁྱིམ་ལ་ལོག་པའི་ལམ་བར་དུ་བུད་མེད་ཅིག་གིས་གཟབ་གཟབ་མ་བྱས་པར་མི་བཟོས་མཚེའུ་ཡི་ནང་ལྷུངས་པ་དང་མཐོང་ཡོད། ཚེ་རིང་ཆོས་འཕེལ་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕྱི་གོས་ཕུད་དེ་ལྕགས་དྲ་བརྒལ་ནས་ཆུ་ནང་དུ་མཆོངས། དེ་མ་ཉིད་དུ་ཁོང་ཡང་གྲང་ཟུག་ཆེ་བའི་ཆུའི་ནང་དིམ་ཉེན་ཆེ་བའི་གནས་སུ་གྱར། འོན་ཀྱང་ཁོང་གིས་ཨམ་གཙིགས་བསྡམས་ནས་ཆུ་ནང་དུ་ལྷུངས་པའི་བུད་མེད་དེའི་ཕྱོགས་སུ་རྐྱལ་བརྒྱབ་ནས་ཕྱིན།

    ཚེ་རིང་ཆོས་འཕེལ་གྱིས་ནུས་ཤུགས་ཡོད་རྒུས་མྱུར་ཚད་མགྱོགས་སུ་བཏང་མཐར་གཞི་ནས་ཁོ་མོའི་ལག་པ་འཇུ་ཐུབ་ཙམ་བྱུང་། ཆུ་ངོགས་སུ་བཀྲ་ཤིས་དབང་འདུས་ཀྱིས་ལམ་སེང་ལྕགས་དྲ་བརྒལ་ཏེ་ལག་གཅིག་གིས་ལྕགས་དྲ་དམ་པོར་འཇུས་ནས་གཟུགས་པོ་ཕྱེད་ཀ་ཆུ་ངོས་སུ་དཔྱངས་པ་དང་། ལག་གཞན་དེ་བརྐྱངས་ནས“ངའི་ལག་ནས་བཟུང”ཞེས་བཤད། ཁོང་གཉིས་པོས་ཆུ་ནང་དང་ཆུ་ངོགས་སུ་གཞོགས་འདེགས་ཟབ་མོ་བྱས་མཐར། སྐར་མ་འགའ་མ་སོང་བར་བུད་མེད་དེ་བདེ་འཇགས་ངང་ཆུ་ངོགས་སུ་བསྐྱབས་པ་རེད།

    གྲང་རླུང་གིས་རུས་ཟུག་བརྒྱབ་རུང་དམངས་ཆེད་བྱ་བ་སྒྲུབ་པའི་ཐོག་མའི་བསམ་འདུན་འགོག་ཐབས་བྲལ། ཆུ་བོ་ཇི་ལྟར་གྲང་རུང་ལྷག་བསམ་རྣམ་དག་གིས་འགན་འཁྲི་འཁུར་བའི་སེམས་པར་དྲོ་སྐྱིད་དང་ལྡན། ཉེན་ཁ་ཆེ་བའི་དུས་སུ་མི་དམངས་ཉེན་རྟོག་པ་གཉིས་པོས་ཐེ་ཚོམ་དང་ཕྱིར་བཤོལ་མི་བྱེད་པར་གཞན་སྲོག་སྐྱོབ་ཆེད་མ་གྲོས་གཅིག་མཐུན་གྱིས་རང་ནུས་ཡོད་ཚད་བཏོན་པས། དུས་རབས་གསར་པའི་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཉེན་ཁར་མི་སྐྲག་པ་དང་རང་སྲོག་དོར་ནས་དམངས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མངོན་པ་མ་ཟད། བོད་ལྗོངས་སྤྱི་བདེ་མི་སྣས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་ལྷག་བསམ་རྣམ་དག་གིས་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་ཉམས་སད་ཐེག་པའི་སྤྱོད་ཚུལ་དེ་བས་ཀྱང་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།