དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་འགྲིམ་འགྲུལ་ཉེན་རྟོག་གྲོང་ཤར་རུ་ཆེན་གྱིས་འཁོར་བྱང་མེད་པའི་གློག་སྒུལ་རྐང་འཁོར་གཅིག་སྡུད་ཐོག་གཙང་སེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-28

    ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཆེན་གྲོང་ཤར་རུ་ཁག་གིས་པེ་ཅིང་ཤར་ལམ་གྱི་ཧ་ལུའོ་གློག་སྒུལ་རྐང་འཁོར་ལ་གཅིག་སྡུད་བཅོས་སྒྲིག་དང་གཙང་སེལ་བྱ་སྤྱོད་སྤེལ་ནས། འཁོར་བྱང་མེད་པའི་མཉམ་སྤྱོད་གློག་སྒུལ་རྐང་འཁོར་གཞུང་ལམ་དུ་གཏོང་བའི་ཉེན་ཁ་སྔོན་འགོག་བྱས་ཏེ་མང་ཚོགས་ཀྱི་འགྲུལ་བཞུད་བདེ་འཇགས་སྲུང་སྐྱོང་བྱས་པ་རེད།

    བཅོས་སྒྲིག་གི་བྱ་སྤྱོད་སྤེལ་རིང་། མི་དམངས་ཉེན་རྟོག་པས་པེ་ཅིང་ཤར་ལམ་དུ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་། འཁོར་བྱང་མེད་པ་དང་གཞུང་ལམ་དུ་སྐྱོད་པའི་ཆ་རྐྱེན་མེད་པའི་ཧ་ལུའོ་གློག་སྒུལ་རྐང་འཁོར་རེ་རེ་བཞིན་ཐོ་འགོད་དང་གཅིག་སྡུད་གཙང་སེལ་བྱས་པ་དང་ཆབས་ཅིག ས་གནས་ས་ཐོག་ཏུ་གཉེར་སྐྱོང་ཁེ་ལས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འཁོར་རིགས་ཀྱི་འཁོར་བྱང་ལེན་པའི་ལས་རིམ་ཚད་ལྡན་དུ་གཏོང་བ། རྒྱུན་གཏན་གྱི་གཉེར་སྐྱོང་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འཁོར་བྱང་མེད་པའི་མཉམ་སྤྱོད་གློག་སྒུལ་རྐང་འཁོར་ཁྲོམ་རར་འདོན་རིགས་གཏན་འགོག་མཐའ་གཅིག་ཏུ་བྱས་པར“མངོན་མེད་རྐྱེན་ངན་གཙང་སེལ་དང་སྒྲིག་ལམ་ལྡན་པ”མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།