བསམ་གྲུབ་རྩེའི་ཉེན་རྟོག་གིས།
ངན་སེམས་བཅངས་ནས་མི་དམངས་ཉེན་རྟོག་པ་དོན་མེད་ཐེར་འདོན་བྱས་པའི་གྱོད་གཞི་ཞིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ།
“ཚང་མར་རྙོག་དྲ་བཟོས་སོང་། དགོངས་འགལ་མེད་པ་ཞུ”ཞེས་ཀྲང་ཆེ་གེ་མོས་འགྱོད་སེམས་ཆེན་པོས་མི་དམངས་ཉེན་རྟོག་པར་དགོངས་དག་ཞུས།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་ལྟ་ཞིབ་རྩིས་བཤེར་རུ་ཆེན་གྱིས་ངན་སེམས་བཅངས་ནས་མི་དམངས་ཉེན་རྟོག་པ་དོན་མེད་ཐེར་འདོན་བྱས་པའི་གྱོད་གཞི་ཞིག་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ཉེན་རྟོག་པའི་ཚུལ་མཐུན་གྱི་ཁྲིམས་འཛིན་ཁེ་དབང་ལ་སྲུང་སྐྱོང་བྱས་པ་རེད།
ཀྲང་ཆེ་གེ་མོས་ཆང་རག་བཏུངས་རྗེས་ཧྲི་ཀྲང་གི་ཐད་འབྲེལ་ཁ་པར་12345བརྒྱབ་ནས། གྲོང་ལྷོ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཡོད་ལུགས་རྫུན་བཟོ་བྱས་པ་རེད། བསམ་གྲུབ་རྩེ་ཡན་ལག་ཅུས་སུ་ཁུངས་སྣེ་དེ་འབྱོར་རྗེས། ཡན་ལག་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས། དུས་ཐོག་ཏུ་ལྟ་ཞིབ་རྩིས་བཤེར་རུ་ཆེན་ལ་ཐེར་འདོན་གོང་ཞུ་བྱས་པའི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དགོས་པའི་བཀའ་བཏང་བ་དང་། ཁྲིམས་ལུགས་རུ་ཆེན་གྱིས་གོམ་སྟབས་གཅིག་མཚུངས་སུ་སྔོན་དུ་ཞུགས་པ་རེད།
ཞིབ་དཔྱད་ཞིབ་ཚགས་བྱས་པ་བརྒྱུད། ཀྲང་ཆེ་གེ་མོས་ཐེར་འདོན་བྱས་པའི་ནང་དོན་ལ་དོན་དངོས་ཀྱི་གཞི་འཛིན་ས་གང་ཡང་མེད་ལ། དེ་དང་འབྲེལ་བའི་མི་དམངས་ཉེན་རྟོག་པར་ཡང་ཁྲིམས་འགལ་སྒྲིག་འགལ་གྱི་གནས་ཚུལ་གང་ཡང་མེད་པ་ཤེས་རྟོགས་བྱུང་། དཔང་རྟགས་ཁུངས་བཙན་གྱི་མདུན་དུ་ཀྲང་ཆེ་གེ་མོས་འབྲེལ་ཡོད་ཞུ་གཏུག་ནི་རང་ཉིད་ཆང་རག་གིས་བཟི་རྗེས་བྱུང་རྒྱལ་དུ་བཤད་པའི་བྱ་སྤྱོད་ཅིག་ཡིན་པ་དང་། ཐེར་འདོན་གྱི་ནང་དོན་ཚང་མ་ཁུངས་ལུང་མེད་པར་རྫུན་བཟོ་བྱས་པ་ཞིག་ཡིན་པ་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་རེད།
མིག་སྔར། ཀྲང་ཆེ་གེ་མོར་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཆད་གཅོད་བྱས་ཡོད།
ཞོར་དུ་ཉེན་རྟོག་པས་དྲན་སྐུལ་ནན་པོ་བྱས་དོན། སྤྱི་དམངས་ལ་གཞུང་ལས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཁྲིམས་ལྟར་ཐེར་འདོན་བྱེད་དབང་ཡོད་མོད། འོན་ཀྱང་ཐེར་འདོན་བྱེད་པར་ངེས་པར་དུ་དོན་དངོས་གཞིར་བཟུང་དགོས། ཐེར་འདོན་ལ་ཁ་གཡར་ནས་དོན་དངོས་རྫུན་བཟོ་དང་གཞན་ལ་སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱེད་པའི་བྱེད་སྤྱོད་གང་རུང་ཚང་མ་བཅའ་ཁྲིམས་ཀྱི་དམར་ཐིག་ལ་ཐུག་ཡོད་པས་བཅའ་ཁྲིམས་ཀྱི་བདའ་འདེད་ནན་པོ་ཕོག་ངེས་རེད།
འབྲེལ་ཡོད་གསར་འགྱུར།