དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མེ་ཟོན་ཤེས་བྱ་སློབ་གྲྭར་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-21

    འདི་ནི་བྱེད་སྒོའི་ནང་མེ་གསོད་རུ་མིའི་སྣེ་ཁྲིད་འོག་སློབ་མ་ཚོས་མེ་གསོད་སྟངས་སྦྱོང་བཞིན་པ།

    འདི་ནི་བྱེད་སྒོར་མེ་གསོད་རུ་མིས་སློབ་གྲྭའི་དགེ་སློབ་ཚོར་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དང་། མེ་སྐྱོན་སྔོན་འགོག འཕྲལ་སྡོམ་བྱ་ཐབས་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་རྒྱག་བཞིན་པ།

    ཉེ་ཆར། གཞིས་རྩེ་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་རུ་ཆེན་གྱིས་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོར“མེ་ཟོན་ཤེས་བྱ་སློབ་གྲྭར་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་བར་དགེ་སློབ་1600ལྷག་ཙམ་ཞུཌ་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་མེ་གསོད་རུ་མིས་མེ་ཟོན་བདེ་འཇགས་ཤེས་བྱ་དང་། མེ་སྐྱོན་སྔོན་འགོག འཕྲལ་སྡོམ་བྱ་ཐབས་སོགས་ཀྱི་ནང་དོན་ལ་དམིགས་ཏེ་གྱོད་དཔེ་དངོས་ལ་བརྟེན་ནས་མེ་སྐྱོན་གྱི་གནོད་འཚེ་དང་། སྔོན་འགོག ཁ་གཏད་གཅོག་ཐབས་བཅས་ལ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།