དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་དྲ་རྒྱའི་བར་མཐོངས་དང་གྲངས་གཞིའི་བདེ་འཇགས་མཐུན་ཚོགས་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-21

    ཉེ་ཆར་བོད་རང་སྐྱོང་ལྗོངས་དྲ་རྒྱའི་བར་མཐོངས་དང་གྲངས་གཞིའི་བདེ་འཇགས་མཐུན་ཚོགས་ལྷ་སར་དངོས་སུ་བཙུགས་པ་དེ་ཐོག་ནས་རང་ལྗོངས་ཀྱི་དྲ་རྒྱའི་བར་མཐོངས་དང་གྲངས་གཞིའི་བདེ་འཇགས་ལས་རིགས་ཀྱི་འཕེལ་རྒྱས་ཚད་ལྡན་ཅན་དང་སྒྲིག་འཛུགས་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ནས་ལྗོངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་བྱ་གཞག་འཕེལ་རྒྱས་ལ་ཆེད་ལས་ཀྱི་ལས་སྟེགས་ཤིག་བཏོད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཐུན་ཚོགས་དེ་ནི་ལྗོངས་ནང་ཁུལ་གྱི་དྲ་རྒྱ་གཉེར་སྐྱོང་དང་། དྲ་རྒྱའི་བདེ་འཇགས་ལག་རྩལ། གྲངས་གཞི་ཉེར་སྤྱོད་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁེ་ལས་དང་བྱ་གཞག་ཚན་པས་རང་མོས་ངང་བཙུགས་པའི་ས་གནས་རང་བཞིན་དང་། ལས་རིགས་རང་བཞིན། ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་རྩ་འཛུགས་ཤིག་ཡིན་པ་དང་། 2025ལོའི་ཟླ་10པར་གྲབས་འཛུགས་བྱེད་འགོ་བཙུགས་པ་དང་། འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་ཐོབ་ནས་དངོས་སུ་བཙུགས་པ་བརྒྱུད་ཁག་དང་པོའི་ཚོགས་མིའི་ཚན་པ་32བསྡུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།