དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་སའི་ལྷོ་རི་སྤྱི་གླིང་མེ་ཟོན་ས་ཚིགས་སུ་ཁྱད་ལྡན་རིག་གནས་གྱང་སྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-21

    འདི་ནི་ལྷོ་རི་སྤྱི་གླིང་གི་ཁྱད་ལྡན་རིག་གནས་གྱང་ཡིན་པ།

     ཉེ་ཆར། ལྷ་ས་མེ་ཟོན་རོགས་སྐྱོབ་སྟབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་གཉིས་པའི་ལྷོ་རི་སྤྱི་གླིང་མེ་ཟོན་ས་ཚིགས་ཀྱིས“གངས་ལྗོངས་མེ་ཟོན·གནས་མཆོག་ཞུན་བརྡར”ཞེས་པའི་ལྟེ་བའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ལ་དམ་པོར་དམིགས་པ་དང“གངས་ལྗོངས་མེ་ཟོན·ལྷོ་རིའི་བརྟན་སྲུང”ཞེས་པའི་ཡན་ལག་སྤུས་རྟགས་ཀྱི་ངེས་གནས་ལ་གཞི་ཚུགས་ཏེ་3Dའབུར་གཟུགས་རི་མོ་དང་། འབུར་བརྐོས་གྱང་། ཐོག་ཁང་ནང་གི་རིག་གནས་མཛེས་བཟོ་བཅས་ཡོངས་སུ་ལེགས་གྲུབ་བྱུང་ནས་ཏང་འཛུགས་སྐྱོང་གི་རིག་གནས་འཐབ་ས་དངོས་སུ་བསྐྲུན་ཡོད།

    ད་ཐེངས་ཀྱི་རིག་གནས་གཡུལ་ས་འཛུགས་སྐྲུན་ཐད་བོད་ཀྱི་ཁྱད་ཆོས་དང་། གསར་བརྗེའི་ཏང་འཛུགས་སྐྱོང་། མེ་གསོད་རོགས་སྐྱོབ། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་གཞི་རྒྱུ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས་བསམ་བློའི་སློབ་གསོ་དང་། ཉམས་འགྱུར་མངོན་པ། བསམ་པའི་ལྕག་སྐུལ་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་བར་མཐོངས་བཏོད་དེ་ས་མཐོའི་མེ་ཟོན་གྱི་འགན་འཁྲིའི་རྣམ་པ་མངོན་ཡོད།

    ཐོག་ཁང་ཕྱིའི་རིག་གནས་གྱང་སྟེང་དུ“བརྟན་སྲུང་དང་། འགག་སྒྲོལ། བརྩེ་སེམས། དམངས་ཆེད”བཅས་ལྟེ་བར་བྱས་པ་དང་། ཐོག་ཁང་གཙོ་བོའི་གཞོགས་གཉིས་ལ་བཀོད་པའི་3Dའབུར་གཟུགས་རི་མོ་ནི་ལྷོ་རིའི་ཡུལ་ལྗོངས་དང་ཕོ་བྲང་པོ་ཏ་ལ་ཡིན་ལ། ཏང་དར་རུ་དར་དང་མེ་ཟོན་པའི་སྡོད་བྱའི་རྣམ་པ་ལས་བཀོད་འཐབ་པ་ཚོས་ས་མཐོར་གཞི་ཚུགས་པ་དང་ལྷོ་རི་བརྟན་སྲུང་བྱེད་པའི་འབད་འཐབ་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།