དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དཔའ་ཤོད་རྫོང་གིས“མཛེས་ལྡན་གྲོང་གསེབ་ཏུ་སྐྱོད་པའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-14

    འདི་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི“མཛེས་ལྡན་གྲོང་གསེབ་ཏུ་སྐྱོད་པ”ཞེས་པའི་འགྲིམ་འགྲུལ་བདེ་འཇགས་སྐོར་སྐྱོད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི“མཛེས་ལྡན་གྲོང་གསེབ་ཏུ་སྐྱོད་པ”ཞེས་པའི་འགྲིམ་འགྲུལ་བདེ་འཇགས་སྐོར་སྐྱོད་དྲིལ་བསྒྲགས་བྱེད་སྒོ་དང་ཆབ་མདོ་གྲོང་ཁྱེར་གྱི“ཡ་རབས་འགྲོ་སྐྱོད་དང་། མཁའ་ལམ་བདེ་བགྲོད”ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་དུ་སྤེལ་ཞིང་། བྱེད་སྒོའི་ཐོག་ཡུལ་རྣམ་འཁྲབ་སྟོན་དང་དངོས་ལྗོངས་ཉམས་ལེན་སོགས་ཀྱི་གསར་གཏོད་བྱ་ཐབས་བརྒྱུད་ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པའི་འཐུས་མི་དང་། དེ་བཞིན་ཞིང་འབྲོག་མང་ཚོགས། མངག་ཚོང་སྐྱེལ་མཁན། སློབ་གྲྭ་འབྲིང་ཆུང་གི་སློབ་མ། ཟོག་འདྲེན་ཁ་ལོ་བ་སོགས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་300ལྷག་ཙམ་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་བྱས་ཡོད།

    ད་ཐེངས་ཀྱི་བྱེད་སྒོའི་ཐོག་ད་དུང་དྲ་ཐོག་ཁྱབ་སྤེལ་གྱི་ལེགས་ཆ་གང་ལེགས་བཏོན་ཞིང་། བོད་ལྗོངས་འགྲིམ་འགྲུལ་ཉེན་རྟོག་དང་། ཆབ་མདོ་འགྲིམ་འགྲུལ་ཉེན་རྟོག དཔའ་ཤོད་རྫོང་མཉམ་འདྲེས་སྨྱན་སྦྱོར་སོགས་ཀྱི་སྨྱན་སྦྱོར་ལས་སྟེགས་གསར་པ་བརྒྱུད་དྲིལ་བསྒྲགས་བྱེད་སྒོ་དུས་ཐོག་ཏུ་ཐད་གཏོང་བྱས་པ་མ་ཟད། ས་གནས་དེ་གའི་བརྙན་འཕྲིན་ལས་ཁུངས་དང་མཉམ་དུ་ཆེད་དོན་གནས་ཚུལ་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།