དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས།

    དངུལ་རྩའི་ཁ་བསླུས་སྔོན་འགོག་གི་ཆེད་དོན་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-14

    གཞི་རིམ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁ་བསླུས་སྔོན་འགོག་གི་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་ཁྲིམས་འཛིན་ཞབས་ཞུའི་ལས་དོན་གྱི་ཁྱབ་རྒྱ་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་གིས་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་དཔལ་གླིང་གྲོང་རྡལ་དང་ལྕང་ར་ཤར་ཤང་ཁྲོམ་གཞུང་དུ་བསྐྱོད་དེ“གྲོང་གསེབ་ཏུ་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་བདེ་འཇགས་སྲུང་སྐྱོང་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པས་འདྲི་གཅོད་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མང་ཚོགས་ལ་མིག་སྔའི་རྒྱུན་མཐོང་དངུལ་རྩའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་རྒན་གསོའི་ཁ་བསླུས་སོགས་ཉེས་གསོག་གི་རིགས་དང་ཉེས་གསོག་སྤེལ་ཐབས་དེ་བཞིན་སྔོན་འགོག་བྱ་ཐབས་བཅས་འགྲེལ་བཤད་བརྒྱབ་ཡོད།

    ད་ཐེངས་ཀྱི་བྱེད་སྒོར་མང་ཚོགས་མི་ཐེངས་100ལྷག་ཙམ་ཞུགས་ཡོད་པ་མ་ཟད། དྲིལ་བསྒྲགས་དེབ་ཆུང་60ལྷག་ཙམ་སྤྲད་པ་དང་ཁ་བསླུས་སྔོན་འགོག་གི་སྦྱར་ཡིག་དང་ཁྲིམས་ཁང་གི་འབྲེལ་གཏུག་ཁ་པར་བཀོད་པའི་དྲིལ་བསྒྲགས་དངོས་རྫས་90ལྷག་ཙམ་སྤྲད་དེ། བཅའ་ཁྲིམས་ཤེས་བྱ་དེ་བས་ཐག་ཉེ་བ་དང་མང་ཚོགས་དང་འབྲེལ་འདྲིས་ཐུབ་པའི་རྣམ་པའི་ཐོག་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་མཉམ་འདྲེས་གང་ལེགས་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།