དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།

    སྒྱུར་བཅོས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-14

    གྲངས་འཛིན་ཁྲིམས་ཁང་འཛུགས་སྐྱོང་ལ་སྐྲུལ་འདེད་མྱུར་པོ་གཏོང་བ་དང་། “གྱོད་མང་མི་ཉུང”གི་མངོན་གསལ་དོད་པའི་འགལ་བ་སེལ་བ་དང་། ཁྲིམས་འཛིན་གཞོགས་འདེགས་ནུས་པ་མི་འདང་བའི་ཞན་ཆ་སེལ་ཆེད། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཟིན་འགོད་པ་མེད་པའི་འདྲི་གཅོད་བྱེད་སྟངས”ལ་སྒྱུར་བཅོས་བྱ་རྒྱུ་དེ་ཁྲིམས་འཛིན་ཐོན་ཁུངས་ལེགས་སྒྲིག་དང་འདྲི་གཅོད་སྤུས་འབྲས་ལེགས་གཏོང་གི་དམ་འཛིན་བྱ་གཞིར་བརྩིས་ནས། འདྲི་གཅོད་ཀྱི་སྒྲ་ཕབ་བརྙན་ཕབ་དང་རིག་ནུས་ཀྱི་སྐད་བརྡའི་ཕབ་སྒྱུར་སོགས་ཀྱི་ལག་རྩལ་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་སྲོལ་རྒྱུན་ཟིན་འགོད་པའི་འདྲི་གཅོད་དང་ཟིན་འགོད་བྱེད་སྟངས་ཀྱི་ཚབ་བྱས་པས། འདྲི་གཅོད་ཀྱི་ཟིན་འགོད་རང་འགུལ་ཅན་དང་གཏུག་བཤེར་བརྒྱུད་རིམ་ནུས་ལྡན་ཅན་དུ་གྱུར་ནས། ཁྲིམས་འཛིན་གྱི་ནུས་པ་གང་ལེགས་ཐོན་ཏེ། སྤུས་ཚད་མཐོ་བའི་འདྲི་གཅོད་ལག་བསྟར་བྱེད་པར་གྲངས་འཛིན་གྱི་སྒུལ་ཤུགས་བསྣན་ཡོད།

    ཟླ་3ཚེས་17ཉིན་ནས་བཟུང་། གཞིས་རྩེ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྔ་རྗེས་སུ་ཆེད་དོན་གསོ་སྦྱོང་ཐེངས་4སྒྲིག་འཛུགས་བྱས་པ་དང་། གྱོད་སྒྲུབ་མི་སྣ་ཆ་ཚང་ཞུགས་ཐུབ་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།