དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲེང་ཀོན་ཆུས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་མཉམ་ལས་ལམ་སྲོལ་འཛུགས་པའི་གན་འཇོག་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-14

    འདི་ནི་འབྲེལ་ཡོད་ཚན་པའི་འགན་འཁུར་བས་མཉམ་ལས་ཡིག་ཆར་མིང་རྟགས་འགོད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི“སྐལ་བཟང་མེ་ཏོག་ལོ་ཆུང་གཞོན་ནུའི་སྲུང་སྐྱོང་རུ་ཁག. ཁྲེང་ཀོན་གྱིས་མཉམ་དུ་བྱ་སྤྱོད་སྤེལ”ཞེས་པའི་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་མཉམ་ལས་ལམ་སྲོལ་འཛུགས་པའི་གན་འཇོག་མཛད་སྒོ་བདེ་བླག་ངང་འཚོགས་ཤིང་། ད་ཐེངས་ཀྱི་བྱེད་སྒོར་སློབ་གྲྭའི་སྤྱི་ཕན་གྱི་སྲུང་སྐྱོང་དང་། སློབ་མཚམས་འཇོག་མཁན་ལ་སློབ་སྐྱོང་། ཉེས་སྐྱོན་ཤོར་བའི་ན་སོ་དར་ལ་མ་བབས་པའི་མིར་རིམ་དབྱེའི་ཐེ་གཏོགས་བྱེད་པ། ཁྱིམ་ཚང་སློབ་གསོར་མཛུབ་ཁྲིད་བྱེད་པ་བཅས་ལྟེ་བའི་ཁྱབ་ཁོངས་བཞིར་དམ་པོར་དམིགས་ཏེ། ཕྱོགས་མང་པོ་དང་མཉམ་དུ་གན་རྒྱ་བཞག་ནས་བཅོས་སྐྱོང་བྱེད་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། “སྐལ་བཟང་མེ་ཏོག་ལོ་ཆུང་གཞོན་ནུའི་སྲུང་སྐྱོང་རུ་ཁག”གི་སྤུས་རྟགས་ཁྲིད་སྟོན་དུ་བྱས་ཏེ། “སྔོན་འགོག་དང་། ཐེ་གཏོགས། རོགས་སྐྱོབ། ཡོ་བསྲང”བཅས་བྱེད་པའི་ན་སོ་དར་ལ་མ་བབས་པའི་མིར་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱེད་པའི་མ་ལག་འཛུགས་པ་དང་། ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས། དྲ་རྒྱ། སྲིད་གཞུང་། ཁྲིམས་འཛིན་བཅས“ཕྱོགས་དྲུག་གཞི་གཅིག”གི་ཕྱོགས་བསྡུས་སྲུང་སྐྱོང་གི་རྣམ་པ་ཆགས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁྲིམས་སྐྱོང་གི་འགན་ལེན་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།

    གན་འཇོག་མཛད་སྒོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་བསོད་ནམས་དབང་ཆེན་གྱིས“སྐལ་བཟང་མེ་ཏོག་ལོ་ཆུང་གཞོན་ནུའི་སྲུང་སྐྱོང་རུ་ཁག”གི་སྤུས་རྟགས་གཏོད་པའི་གྲུབ་འབྲས་དང་ན་སོ་དར་ལ་མ་བབས་པའི་མིར་ཞིབ་དཔྱོད་ལས་དོན་གྱི་ཕན་འབྲས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། ཁོང་གིས་ཁྲེན་ཀོན་ཆུས་ཀྱི“སྐལ་བཟང་མེ་ཏོག་ལོ་ཆུང་གཞོན་ནུའི་སྲུང་སྐྱོང་རུ་ཁག”གི་སྤུས་རྟགས་བཏོད་ནས་ཁྲིམས་ཁང་དང་། སྤྱི་བདེ། སློབ་གསོ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པ་ཁག་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་ནང་ཞུགས་པ་དང་མཉམ་དུ་འགན་འཁྲི་སྒྲུབ་པར་སྐུལ་འདེད་གཏོང་བ་ནི་མིག་སྔའི་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་ཐད་ཀྱི་དཀའ་གནད་སེལ་བའི་བྱེད་ཐབས་གཙོ་བོ་ཤིག་རེད། ད་ཐེངས་ཀྱི་གན་རྒྱ་འཇོག་པ་ནི་སྤྱི་ཚོགས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་དང་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་ནུས་ལྡན་ངང་འགོག་པའི་བྱ་ཐབས་གལ་ཆེན་ཞིག་རེད་ཅེས་བཤད།

    2020ལོར་སྐལ་བཟང་མེ་ཏོག་ལོ་ཆུང་གཞོན་ནུའི་སྲུང་སྐྱོང་རུ་ཁག་བཙུགས་ཚུན། སྲུང་སྐྱོང་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ“ཁ་ཕྱོགས་གཅིག་མཚུངས་དང་། ཁྲིམས་ལ་དད་འདུན། སྟོབས་ཤུགས་གཅིག་སྒྲིལ། རོགས་རམ་བྱེད་པ”བཅས་ཀྱི་སྤུས་རྟགས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས། ཁྲིམས་འཛིན་སྲུང་སྐྱོང་དང་། ཉེས་གསོག་སྔོན་འགོག སེམས་ཁམས་ཁྲིད་སྟོན། རོགས་ཁྲིད་ཉེན་སེལ་སོགས་ཀྱི་ནུས་པ་གཙོ་བོ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ“ཆེད་ལས་དཔུང་ཁག་གིས་རྨང་གཞི་འདིང་བ་དང་། སྤུས་རྟགས་ཀྱི་བྱེད་སྒོས་དྲོ་སྐྱིད་སྦྱིན་པ། སྣ་མང་ལས་སྟེགས་མང་དུ་གཏོང་བ”བཅས་ཕྱོགས་གསུམ་གཞི་གཅིག་ཏུ་སྒྲིལ་བའི་འཕེལ་རྒྱས་མ་ལག་བཏོད་ཡོད།

    མཛད་སྒོ་འཚོག་ཡུལ་དུ་འབྲེལ་ཡོད་སྡེ་ཚན་ཁག་གི་འགན་འཁུར་བས་རིམ་པ་ལྟར་གཏམ་བཤད་བྱས་པ་དང་འབྲེལ་མཉམ་ལས་ཡིག་ཆར་གཅིག་སྡུད་ཐོག་མིང་རྟགས་བཀོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།