ལྷ་སའི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ།

འདི་ནི་ལྷ་སའི་མེ་གསོད་རོཌ་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོག་ཡུལ་ཡིན་པ།
ཉེ་ཆར། ལྷ་སའི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཤིང་། དེ་ནི་ཆེད་ལས་ཅན་གྱི་ས་ཁོངས་ཧྲིལ་པོའི་སྐབས་བསྟུན་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་བའི་འགག་རྩའི་བྱེད་ཐབས་ཤིག་ཡིན་པ་དང་། དེས་ལྗོངས་ཡོངས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ལ་ས་ཁོངས་ཧྲིལ་པོའི་སྐབས་བསྟུན་གྱི་སྒུལ་ནུས་གསར་པ་བསྣན་ནས་འཕྲལ་སྡོམ་རོགས་སྐྱོབ་མ་ལག་འཛུགས་སྐྱོང་ལ་གོམ་སྟབས་བརྟན་པོ་སྤོས་པ་ཞིག་རེད།
ལྷ་སའི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་ཉིང་ལག་རུ་ཁག་གི་རུ་ཆེན་དང་པོ་ནི་དེ་སྔའི་རང་སྐྱོང་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་ལེགས་སྒྲིག་བྱས་ནས་བཙུགས་པ་ཞིག་རེད། ལོ་མང་རིང། རུ་ཆེན་དེས་མི་དམངས་དམག་དཔུང་གི་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་ནགས་ཚལ་མེ་གསོད་དཔུང་ཁག་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་བཀོད་འཐབ་པ་ཡོངས་ཀྱིས“གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། མཚོ་རྩིས་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་བ”བཅས་ཀྱི་དད་སེམས་བརྟན་པོ་བསྲུངས་ཏེ་ལྷ་སའི་རི་སྔོན་ཆུ་དྭངས་སྲུང་སྐྱོང་དང་། སྐྱེ་ཁམས་སྲུང་བཅད་བརྟན་གཏོང་། མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་། མང་ཚོགས་ཀྱི་བདེ་འཇགས་འགན་ལེན་སོགས་ཀྱི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
འབྲེལ་ཡོད་གསར་འགྱུར།