མངའ་རིས་ས་ཁུལ་གྱི་སྡེ་ཚན་མང་པོས་བཟའ་བཏུང་ཞབས་ཞུར་འཕྲལ་སྒྲུབ་ཞིབ་བཤེར་བྱས་པ།
ཉེ་ཆར། མངའ་རིས་ས་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མངའ་རིས་ས་ཁུལ་སྤྱི་བདེ་ཁྲུའུ་དང་སྒར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་དང་མཉམ་དུ་ཤའི་ཐོན་རྫས་གཉེར་སྐྱོང་དང་དྲ་རྒྱའི་བཟའ་བཏུང་ཞབས་ཞུའི་གཙོ་གནད་ཁྱབ་ཁོངས་ཆེན་པོ་གཉིས་ལ་དམིགས་ནས། ཁྲིམས་སྒྱུར་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ཁུལ་དུ་ཆེད་དོན་འཕྲལ་སྒྲུབ་ཞིབ་བཤེར་བྱས་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ། གཉེར་སྐྱོང་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་ནན་དུ་བཏང་བ། སྤྱི་ཚོགས་ཀྱི་ལྟ་འདོམས་བྱེད་སྟངས་དུས་གཅིག་ཏུ་གསར་གཏོད་བྱས་པ། ལྟ་འདོམས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ་བཅས་བྱས་པས་བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ད་ཐེངས་ཀྱི་ཞིབ་བཤེར་ནང་ཚྭ་སྦྱངས་ཤ་ཚོང་ཁང་དང་། དྲ་རྒྱའི་བཟའ་བཏུང་གི་དྲ་ཕྱིའི་ཚོང་ཁང་། ཕྱིར་ཚོང་གཅིག་སྡུད་གཉེར་སྐྱོང་ས་ཚིགས་སོགས་གཙོ་གནད་ལ་དམིགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་གྲལ་བཤེར་བཅོས་སྒྲིག་བྱས་ཡོད། ཚྭ་སྦྱངས་ཤ་ཚོང་ཁང་དུ་ཞིབ་བཤེར་ཚོགས་ཆུང་གིས་གཙོ་བོ་ཚོང་ཟོག་འཐེན་སྐབས་ཀྱི་བརྟག་ཞིབ་དང་། ལག་ཁྱེར་དང་སྤ་སེ་ལེན་པ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ཚྭ་སྦྱངས་ཤའི་ཡོང་ཁུངས་དང་། ལས་སྣོན་བཀོལ་སྤྱོད་ཚད་ལྡན། སོས་ཉར་ཆ་རྐྱེན་དང་དེ་བཞིན་གཙང་སྦྲའི་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཚགས་བྱས་ཏེ། ཚད་མ་ལོན་པ་དང་དུས་ཚོད་ཡོལ་བའི་མ་བཅོས་རྒྱུ་ཆ་ལས་སྣོན་དང་ཕྱིར་ཚོང་བྱེད་རིགས་སྔོན་འགོག་ནན་པོ་བྱས་ནས་ཚྭ་སྦྱངས་ཤའི་ཐོན་རྫས་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་སྔར་བས་ཚད་ལྡན་དུ་བཏང་ཡོད། དྲ་རྒྱའི་བཟའ་བཏུང་ལ་དམིགས་ཏེ་ཐབ་ཚང་གི་གཙང་སྦྲ་འཕྲོད་བསྟེན་དང་། བཟའ་བཅའི་རྒྱུ་ཆ་ལས་སྣོན་བརྒྱུད་རིམ། ལྟོ་སྣོད་དུག་སེལ་དང་ལས་ཞུགས་མི་སྣའི་བདེ་ཐང་དོ་དམ་སོགས་འགག་རྩའི་ལྷུ་ཚིགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་དང་ཆབས་ཅིག ཉོ་སྐྱེལ་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་དྲ་ཐོག་བཟའ་བཏུང་གཉེར་སྐྱོང་གི་འགག་སྒོ་ནན་པོ་བསྲུངས་པ་རེད།
འབྲེལ་ཡོད་གསར་འགྱུར།