དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལེ་ཧྥུང་སྙིང་སྟོབས་དར་སྤེལ་བཏང་། མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས།

    —— ནག་ཆུ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་རིམ་སྤེལ་བྱེད་སྒོ་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-04-10

    ཉེ་ཆར། ནག་ཆུ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལེ་ཧྥུང་ལ་སློབ་སྦྱོང་གི་དྲན་གསོའི་ཉིན་མོའི་སྐབས་དང་བསྟུན་ཏེ། བསམ་བློའི་ཁྲིད་སྟོན་དང་ལག་ལེན་གཉིས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཐབས་མང་མཉམ་སྤྱོད་ཀྱིས་ལེ་ཧྥུང་ལ་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། བོད་བྱང་ཐང་དུ་ལེ་ཧྥུང་གི་སྙིང་སྟོབས་ལས་དུས་རབས་ཀྱི་བཀྲག་མདངས་འཚེར་བར་བྱས་པ་རེད།

    ཉིང་ལག་རུ་ཁག་གི་ཏང་ཨུད་ཀྱིས་བསམ་བློའི་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དེ་བསམ་བློ་ཆབ་སྲིད་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཤིང་། དཔུང་ཁག་གི་རིམ་ཁག་གིས་ཏང་ཨུད(ཀྲི་པུའུ)ཀྱི་ཚོགས་འདུ་དང་བཀོད་འཐབ་པའི་ཚོགས་ཆེན་ཚོགས་པ་སོགས་ཀྱི་རྣམ་པ་བརྒྱུད། ལེ་ཧྥུང་གི་སྔོན་ཐོན་བྱས་རྗེས་བསྐྱར་དྲན་དང་ལེ་ཧྥུང་གི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ཡོད། གཞི་རིམ་རུ་ཁག་དང་ས་ཚིགས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ནས་སྦྱོང་བརྡར་གྱི་བར་གསེང་དུ་ལེ་ཧྥུང་གི་བརྗོད་དོན་གཙོ་བོའི་གློག་བརྙན་སྟོན་པ་དང་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་བྱས་པ་མ་ཟད། ད་དུང་བཀོད་འཐབ་པ་ཡོངས་ལ་ལས་གནས་བརྟན་སྲུང་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ཁྲིད་སྟོན་ཡང་བྱས་པ་རེད།

    ཉིང་ལག་རུ་ཁག་གིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དེ་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མེ་ཟོན་དང་བླངས་ཞབས་ཞུ་རུ་ཁག་བཙུགས་ནས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་དང་། རྒན་གསོ་ཁང་། དགོན་སྡེ། དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་བཅས་སུ་བསྐྱོད་དེ་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    གོམ་སྟབས་རྗེས་མར་ནག་ཆུ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་མུ་མཐུད་སྐུལ་འདེད་བཏང་སྟེ། མི་སྣ་ཡོངས་ལ་ལེ་ཧྥུང་གི་སྙིང་སྟོབས་ནང་སེམས་སུ་འཇགས་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱ་རྒྱུ་དང་། སྤྲོ་སེམས་སྔར་བས་ཆེན་པོས་མེ་གསོད་རོགས་སྐྱོབ་བྱ་གཞག་ནང་ཞུགས་པ།“འཛུགས་གཏོད་བཞིའི”དཔེ་དམག་ཧུར་ཐག་བྱ་རྒྱུ་བཅས་ཀྱི་ཁྲིད་སྟོན་བྱས་ནས་དུས་བདེའི་ནག་ཆུ་དང་། བདེ་སྐྱིད་ལྡན་པའི་ནག་ཆུ། ཤེས་དཔལ་ལྡན་པའི་ནག་ཆུ་བཅས་འཛུགས་སྐྲུན་བྱ་ཆེད་མེ་གསོད་དཔུང་ཁག་གི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།