ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས།
ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་སློབ་འབྲིང་སློབ་མས་2026ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོར་ཞུགས་བཞིན་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མང་ཚོགས་ཚོགས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཆུས་སློབ་གསོ་ཅུས་དང་། ཆུས་མི་དམངས་ཞིབ་དཔྱོད་ཁང་། ཆུས་ཁྲིམས་འཛིན་ཅུས། བྲག་ཡིབ་ཆུས་སློབ་འབྲིང་བཅས་དང་མཉམ་དུ“ལང་ཚོ་ཁྲིམས་བཞིན་སྐྱོང་། མ་འོངས་ཕུགས་བསམ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་སྟེ། 2026ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོས་ཕྱོགས་ཁག་གི་ཐོན་ཁུངས་གཅིག་ཏུ་སྒྲིལ་བའི་ཁར། ཡུལ་བབ་དང་མཐུན་པ་དང་། དྲོ་སྐྱིད་དང་ལྡན་པ། དགོད་བྲོ་བ་བཅས་ཀྱི་རྣམ་པའི་ཐོག་ནས། ཆེད་ལས་ཀྱི་ཁྲིམས་ལུགས་ཤེས་བྱ་དག་ལོ་ཆུང་གཞོན་ནུས་ཤེས་སླ་ལ་སེམས་ལ་བརྟན་པོར་ངེས་ཐུབ་པར་བྱས་ཡོད། སློབ་གྲྭའི་སྒོ་ཁར་ཁྲིམས་ལུགས་ཁྱབ་གདལ་ཁུལ་བཀོད་སྒྲིག་བྱས་ཏེ་དགེ་སློབ་དང་ཁྱིམ་བདག་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་འགུག་ཐབས་བྱས་པ་དང་། སྐས་རིམ་སློབ་ཁང་དུ་སློབ་གྲོགས་བརྙས་བཅོས་སྔོན་འགོག་དང་། ཁ་བསླུས་སྔོན་འགོག འཁྲིག་སྦྱོར་བཙན་གནོད་སྔོན་འགོག་སོགས་ཀྱི་ནང་དོན་ཆེད་མངགས་སྒྲོག་འགྲེལ་བྱས་ནས་སློབ་མར་རང་སྲུང་རང་སྐྱོབ་ཀྱི་ཁྲིམས་ལུགས་ཤེས་བྱ་ཁྱབ་སྤེལ་བཏང་བ། དེའི་ནང་། བྱ་དགའ་ཡོད་པའི་ཁྲིམས་སྐྱོང་ཤེས་བྱའི་དྲི་བ་དྲིས་ལན་གྱི་བྱེད་སྒོ་སྤེལ་བ་ལས་ཚོགས་ར་ཡོངས་ཀྱི་རྣམ་པ་འཁྲུག་ཆ་དོད་དུ་ཕྱིན་པ་དང་། སློབ་མ་ཚོས་དྲི་བར་ལན་འདེབས་པ་བརྒྱུད། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་ཐུབ་ཡོད།
བྲག་ཡིབ་ཆུས་སློབ་འབྲིང་ལོ་རིམ་བདུན་པའི་སློབ་མ་ནོར་བུ་བཀྲ་ཤིས་ཀྱིས་རང་ཉིད་བྱེད་སྒོར་ཞུགས་པའི་མྱོང་ཚོར་དང་གྲུབ་འབྲས་མཉམ་སྤྱོད་བྱས་པ་སྟེ། “ད་ཐེངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་ཚན་ཉན་པ་བརྒྱུད། ང་ཚོའི་དགའ་སྣང་འཕེལ་བ་དང་ཆབས་ཅིག་གྲུབ་འབྲས་ཀྱང་མང་པོ་ཐོབ་བྱུང་། མ་འོངས་པར། ངས་རང་ཉིད་ལ་རེ་བ་ནན་པོ་བཏོན་ཏེ། རང་འགུལ་ངང་བཅའ་ཁྲིམས་ཁྲིམས་སྲོལ་ལ་སྲུང་བརྩི་ཞུ་བ་དང་ཚུལ་མིན་བྱེད་སྤྱོད་རིང་དུ་དོར་རྒྱུ་མ་ཟད། ད་དུང་དེ་རིང་སྦྱངས་པའི་ཁྲིམས་སྐྱོང་ཤེས་བྱ་དག་ནང་མི་དང་གྲོགས་པོར་མཉམ་སྤྱོད་ཞུས་ཏེ། ཁྲིམས་སྐྱོང་ཤེས་བྱའི་དྲིལ་བསྒྲགས་པ་ཞིག་བྱེད་ཀྱི་ཡིན”
འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་བྱེད་སྒོ་འདི་དང་བསྟུན་ཏེ། ན་ཆུང་གཞོན་ནུའི་སེམས་སུ་ཁྲིམས་སྐྱོང་གི་འདུ་ཤེས་འཇགས་པ་བྱ་རྒྱུ་དང་ཆབས་ཅིག སྤྱི་ཚོགས་ལས་རིགས་ཡོངས་ལ་ན་ཆུང་གཞོན་ནུར་སྲུང་སྐྱོང་བྱེད་པའི་ནང་ཧུར་ཐག་ཞུགས་ཏེ། ན་ཆུང་གཞོན་ནུར་བདེ་འཇགས་དང་། བདེ་ཐང་། གོ་རིམ་བཅས་ལྡན་པའི་འཚར་ལོངས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་རྒྱུའི་འབོད་སྐུལ་ཡང་བྱེད་ཀྱི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།