དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གིས།

    རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གྱི་རིམ་སྤེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-07

    འདི་ནི་ཉེ་ཆར་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་གཞིས་རྩེའི་དིང་རི་རྫོང་གི་འབྲོལ་ཁུལ་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་ཆབས་ཅིག ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་དོ་འཁུར་བྱེད་པའི་དམངས་འཚོའི་དྲི་བར་ལན་འདེབས་བཞིན་པ།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཉིན་ཤས་བསྟུད་མར། བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གིས“ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། མཐའ་མཚམས་སྲུང་བ། དམངས་འཚོར་ཕན་འདོགས་པ། མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ”བཅས་བརྗོད་དོན་གཙོ་བོར་བྱས་པའི་སྒྲོག་འགྲེལ་ཡན་ལག་རུ་ཁག་སྒྲིག་འཛུགས་བྱས་ཏེ། མཐའ་མཚམས་ཀྱི་འཐབ་ས་དང་པོར་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། དེའི་རིང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་འབྲོལ་ཁུལ་དང་། དགོན་སྡེ། འགག་སྒོ་བཅས་སུ་རྩ་བ་ཚུགས་པ་དང་ཕན་འབྲས་དངོས་སུ་ཐོན་པར་སྐུལ་འདེད་བཏང་ནས། ཏང་གི་ཐུགས་ཁུར་དང་སྲིད་ཇུས་ཀྱི་ཁེ་འབབ་མཐའ་མཚམས་ཀྱི་མང་ཚོགས་དང་འཐབ་ས་དང་པོའི་ལས་གནས་སུ་གནད་ལ་སྨིན་པོས་ཚོར་བ་དང་ཐོབ་པར་བྱས་ཡོད།

    འབྲོག་ཁུལ་དུ་བསྐྱོད་པ། སྒྲོག་འགྲེལ་ཡན་ལག་རུ་ཁག་གིས་མང་ཚོགས་ཀྱི་དགོས་མཁོར་དམིགས་ཏེ། རྒྱ་བོད་སྐད་ཡིག་གཉིས་ཀྱི་ཐོག་ནས་དམངས་ཕན་སྲིད་ཇུས་ལ་གསལ་འགྲེལ་བྱས་ཤིང་། གྲོང་གསེབ་དར་རྒྱས་དང་། སྨན་བཅོས་འགན་སྲུང་། རྒན་གསོ་འགན་སྲུང་བཅས་ནས་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་བར། མི་དམངས་ཉེན་རྟོག་པས་མཐའ་མཚམས་འབྲོག་ཁུལ་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་མང་ཚོགས་ཀྱིས་གོ་ཐུབ་པ་དང་ཤེས་སླ་བའི་སྐད་ཆའི་ཐོག་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་ཡོད།

    འགག་སྒོར་བསྐྱོད་པ། སྒྲོག་འགྲེལ་ཡན་ལག་རུ་ཁག་གིས་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་ལྷན་དུ་ཆེད་དོན་སྒྲོག་འགྲེལ་བྱས་ནས། འགག་སྒོའི་ཁེ་ལས་ལས་མིར་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་གནད་ལ་སྨིན་པོས་བརྒྱུད་བསྒྲགས་བྱས་ཡོད།

    ཆོས་ལུགས་བྱེད་སྒོ་སྤེལ་སར་བསྐྱོད་པ། སྒྲོག་འགྲེལ་ཡན་ལག་ཚོགས་ཆུང་གིས“མོས་སེམས་ལྔར”དམིགས་ཏེ་སྒྲོག་འགྲེལ་བྱས་ཤིང་། དགོན་པའི་གྲྭ་བཙུན་གྱིས་དོ་ཁུར་བྱེད་པའི་སྲིད་ཇུས་ཁྲིམས་སྲོལ་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་བརྗོད་གཞི་དང་ཟུང་འབྲེལ་གྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་གསལ་འགྲེལ་གཏིང་ཟབ་བྱས་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔའི་བར། ཉིང་ལག་རུ་ཁག་དེས་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྒྲོག་འགྲེལ་བྱེད་སྒོ་ཐེངས་10ལྷག་ཙམ་སྤེལ་བར་མཐའ་མཚམས་ཀྱི་མང་ཚོགས་དང་། འགག་སྒོའི་ཚོང་དུད། དགོན་པའི་གྲྭ་བཙུན་བཅས་མི་ཐེངས་1200ལྷག་ཙམ་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།