བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད།

འདི་ནི་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་པས་མང་ཚོགས་ལ་དྲིལ་བསྒྲགས་ལག་དེབ་སྤྲོད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་བློ་བདེའི་འཛད་སྤྱོད་ཐུབ་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་དང་། དངུལ་ཆད་དང་གཞུང་བཞེས་བཏང་བའི་དངོས་རྫས་གཅིག་བསྡུས་ཐོག་མེད་པར་བཟོ་བ། དེ་བཞིན་བརྗོད་དོན་གཙོ་བོའི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་ནས། བློ་བདེ་བག་ཕེབས་ཀྱི་འཛད་སྤྱོད་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།
འབྲེལ་ཡོད་གསར་འགྱུར།