མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱས། བདེ་འཇགས་དྲ་བ་བརྟན་དུ་བཏང་།

འདི་ནི་འབྲི་རུ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་ལས་དོན་པས་མང་ཚོགས་ལ་གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།
ཉེ་ཆར། གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་འགོག་ཟོན་དང་སེལ་ཆེད། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་གློག་སྒུལ་རྐང་འཁོར་འཇོག་ས་བཀོད་སྒྲིག་དང་། སྒྲིག་བཀོད་རིམ་སྤོར། མངོན་མེད་རྐྱེན་ངན་བཅོས་སྒྲིག དྲིལ་བསྒྲགས་ཁྲིད་སྟོན་བཅས་ལྷུ་ཚིགས་བཞིར་དམ་པོར་དམིགས་པ་དང་། རྩ་ལག་མཉམ་བཅོས། སྡེ་ཚན་མཉམ་འགུལ་བཅས་མཐའ་འཁྱོངས་ཀྱིས་གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།