དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རང་ལྗོངས་ཀྱིས་བྱུག་རྫས་ཐོན་སྐྱེད་ཀྱི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ལོ་གསུམ་གྱི་ཇུས་གཞི་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-07

    ཉེ་ཆར། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་བྱུག་རྫས་ཁེ་ལས་ཀྱི་ཐོན་སྐྱེད་སྤུས་ཚད་དོ་དམ་མ་ལག་ལ་ཤུགས་སྣོན་རྒྱག་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2026ལོ་ནས་2028ལོ་བར)ལག་བསྟར་ཇུས་གཞི》ཁྱབ་བསྒྲགས་བྱས་ནས་2026ལོ་ནས་2028ལོ་བར་གྱི་ལྗོངས་ཡོངས་ཀྱི་བྱུག་རྫས་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལས་ཀའི་ཐབས་ལམ་འཆར་འགོད་བྱས་པ་རེད།

    ཇུས་གཞིའི་ནང་བོད་ཀྱི་བྱུག་རྫས་ཐོན་ལས་ཀྱི་སྤུས་ཚད་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། སྤུས་ཚད་ཀྱི་བདེ་འཇགས་མཐའ་ཚད་བརྟན་དུ་གཏོང་བ། “བྱུག་རྫས་བོད་ལྗོངས”ཀྱི་སྤུས་རྟགས་ཀྱི་གསོན་ཤུགས་འཕེལ་བ། “མཛེས་སྡུག་ལྡན་པའི་དཔལ་འབྱོར”ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་བཅས་ལྟེ་བའི་དམིགས་ཚད་དུ་བྱས་ཏེ། 2028ལོའི་ལོ་མཇུག་ཏུ་སླེབས་སྐབས་ལྗོངས་ཡོངས་ཀྱི་བྱུག་རྫས་ཁེ་ལས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་བྱེད་པོའི་འགན་འཁྲིའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་གཏོང་བ་དང་། འགག་རྩའི་ལས་གནས་ཀྱི་མི་སྣའི་འགན་སྒྲུབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། སྤུས་ཚད་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཐུབ་པར་བྱས་ཏེ། སྲིད་གཞུང་གིས་ལྟ་འདོམས་དང་། ཁེ་ལས་ཀྱིས་རང་གཅུན། སྤྱི་ཚོགས་ཀྱིས་ལྟ་སྐུལ་བཅས་བྱེད་པའི་བྱུག་རྫས་ཀྱི་སྤུས་ཚད་བདེ་འཇགས་སྤྱི་ཚོགས་ཡོངས་ཀྱིས་བཅོས་སྒྲིག་བྱེད་པའི་རྣམ་པ་ཞིག་གཞི་རྩའི་ཆ་ནས་གྲུབ་པར་བྱ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལག་བསྟར་ཇུས་གཞི་བཏོན་པ་དེས་རང་ལྗོངས་ཀྱི་བྱུག་རྫས་ཁེ་ལས་ཚད་ལྡན་ཅན་གྱི་འཕེལ་རྒྱས་འགྲོ་བར་སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་ལྡན་ཐུབ་ནས་བོད་ཀྱི“མཛེས་སྡུག་ལྡན་པའི་དཔལ་འབྱོར”འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་རམ་འདེགས་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།