མཚོ་བོད་ལྕགས་ལམ་བོད་ལྗོངས་དུམ་བུའི“སྐྱེ་ཁམས་ཉེན་རྟོག་ལས་དོན་ས་ཚིགས”ཐོག་མ་བཙུགས་པ།
ཉེ་ཆར། མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་ལྷ་ས་སྤྱི་བདེ་ཁྲུའུ་ནག་ཆུ་འབབ་ཚུགས་མངགས་གཏོང་ཁང་གིས་ནག་ཆུ་གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་དང་སྐྱེ་ཁམས་ཉེན་རྟོག་ལས་དོན་མཉམ་སྒྲུབ་ལམ་སྲོལ་ལག་ལེན་བསྟར་རྒྱུའི་གྲོས་མཐུན་ཡི་གེ་དངོས་སུ་བཞག་པ་དང་འབྲེལ། “སྐྱེ་ཁམས་ཉེན་རྟོག་ལས་དོན་ས་ཚིགས”མཉམ་འབྲེལ་ཐོག་བཙུགས་ཏེ། མཚོ་བོད་ལྕགས་ལམ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་མཚོ་བོད་ལྕགས་ལམ་བོད་ལྗོངས་དུམ་བུར་བཙུགས་པའི“སྐྱེ་ཁམས་ཉེན་རྟོག་ལས་དོན་ས་ཚིགས”ཐོག་མ་རེད་ལ། ལྕགས་ལམ་སྤྱི་བདེ་དང་ས་གནས་ནགས་ལས་རྩྭ་ཐང་སྡེ་ཚན་གྱིས་ལམ་རྒྱུད་དང་ས་གནས་དབར་གྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་སྐྱེ་ཁམས་ཉེན་རྟོག་ལས་དོན་སྤེལ་སྟངས་གསར་གཏོད་བྱེད་པའི་བྱ་ཐབས་ཏན་ཏིག་ཅིག་རེད། ཕྱོགས་གཉིས་པོས་ཁྲིམས་བསྟར་མཉམ་སྒྲུབ་དང་། ཐོན་ཁུངས་གསབ་རེས། ཁུར་མཉམ་ལེན། དོན་སྤྱི་སྒྲུབ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་སྤེལ་བའི་རྣམ་པ་ཞིག་ཆགས་པར་བྱས་ཏེ། ས་མཐོའི་ལྕགས་ལམ་རྒྱུད་ཀྱི་སྐྱེ་ཁམས་ཉེན་རྟོག་ལས་དོན་ལ་ལམ་ལུགས་ཅན་གྱི་འགན་ལེན་དང་ཆེད་ལས་ཅན་གྱི་འདེགས་སྐྱོར་བྱ་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་གཉིས་པོས་སྐྱེ་ཁམས་ཉེན་རྟོག་ལས་དོན་མཉམ་སྒྲུབ་ལ་སྐུལ་འདེད་བཏང་ནས“སྔོན་ཚུད་སྡོད་སྲུང་དང་། འབྱུང་རྩ་ནས་དོ་དམ་ཚོད་འཛིན། མགྱོགས་མྱུར་དང་ལེན”བཅས་ཡོང་བ་བྱས་ཏེ། “སྐྱེ་ཁམས་ཉེན་རྟོག་ལས་དོན་ས་ཚིགས”དེ་ཉིད་ལྕགས་ལམ་བདེ་འཇགས་དང་སྔོ་ལྗང་རི་ཆུར་སྲུང་སྐྱོང་བྱེད་མཁན་སོ་ལྟ་ཁང་མདུན་མར་འཛུགས་གཏོད་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།