“ཇ་སྟོན”དོན་གྲོས་ཁང་ནས་མི་རིགས་མཐུན་སྒྲིལ་གང་ལེགས་མངོན་པ།

འདི་ནི་དོན་གྲོས་ཁང་དུ་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་བཞིན་པ།(པར་ནི་ཞི་མཐུན་སྡེ་ཁུལ་གྱིས་མཁོ་འདོན་བྱས)

འདི་ནི་མཚན་མོར་བོགས་གཏོང་ཁང་པའི་བདེ་འཇགས་ལ་ཞིབ་བཤེར་བྱེད་བཞིན་པ།
2024ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་ཞི་མཐུན་སྡེ་ཁུལ་གྱིས་དོན་གྲོས་ཁང་བཙུགས་ཏེ“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། མི་རིགས་མཐུན་སྒྲིལ། གཞི་རིམ་བཅོས་སྐྱོང”བཅས་ཕྱོགས་གསུམ་གཞི་གཅིག་གི་བྱེད་ཐབས་ལ་བརྟེན་པ་དང་། མི་རིགས་མཉམ་འདྲེས་ཀྱི་དོན་སྙིང་ལྡན་པའི་དོན་གྲོས་ཁང་འབྲེལ་ཐག་ཏུ་བྱས་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གངས་ལྗོངས་ས་མཐོའི་གཞི་རིམ་བཅོས་སྐྱོང་དང་མཉམ་འདྲེས། མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་མི་རིགས་མང་པོ་འདུས་སྡོད་ཀྱི་སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་དང་ཁྱིམ་མཚེས་འཆམ་མཐུན་གྱི་རྣམ་པ་བཏོད་ཡོད།
དོན་གྲོས་ཁང་ལ་བརྟེན་ནས་མི་རིགས་མང་ཚོགས་ཀྱི་འགལ་བ་སེལ་བ།
“དངངས་སྐྲག་གནང་མི་དགོས། སྔོན་ལ་གསོལ་ཇ་མཆོད་དང་། དེ་ནས་ང་ཚོ་གྲོས་བསྡུར་བྱས་ན” “གྲོས་བསྡུར་མ་བྱས་པར་མཇུག་བསྡོམས་མ་བརྒྱབ། གྲོས་བསྡུར་ལྷོད་ལྷོད་བྱས་ཚེ་གཞི་ནས་ཐག་གཅོད་བྱེད་ཐབས་རྙེད་ཐུབ” ཉེ་ཆར། གསར་འགོད་པ་ཞི་མཐུན་སྡེ་ཁུལ་དུ་སྐྱོད་སྐབས་དོན་གྲོས་ཁང་དུ་གྲོང་པ་ཁྱིམ་མཚེས་ཀྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་བཞིན་པ་མཐོང་། ལས་དོན་པ་ཚོས་འདུམ་འགྲིག་བྱས་པ་བརྒྱུད། གྲོང་མི་གསུམ་གྱི་འགལ་བ་བསལ་བས་ངོ་གདོང་ནས་འཛུམ་མདངས་འཕྱུར།
གནས་ཚུལ་དེ་རིགས་ནི་དོན་གྲོས་ཁང་གི་རྒྱུན་གཏན་གྱི་ལས་ཀ་ཞིག་རེད། ཞི་མཐུན་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ལྷན་གྱི་ཀྲུའུ་རེན་ཉི་མས། 2014ལོའི་ཟླ་དང་པོར་ཞི་མཐུན་སྡེ་ཁུལ་དངོས་སུ་བཙུགས་པ་དང་མིག་སྔར་སྡེ་ཁུལ་དུ་ཧུད་རིགས་དང་། ཡུ་གུར་རིགས། ཏའེ་རིགས། དབྱིས་རིགས། བོད་རིགས་སོགས་མི་རིགས་12ཀྱི་མང་ཚོགས་འདུས་ཡོད། མི་རིགས་ཀྱི་མཉམ་ཤུགས་གཅིག་སྒྲིལ་དང་ཁྱིམ་མཚེས་འཆམ་མཐུན་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་དེ་ཞི་མཐུན་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་གི་ལྟེ་བའི་ཞིབ་འཇུག་བྱ་གཞིར་གྱུར་ཡོད་ཅེས་ངོ་སྤྲོད་བྱས།
ལས་དོན་གཏིང་ཟབ་སྤེལ་བ་བརྒྱུད་སྡེ་ཁུལ་གྱི་ལས་དོན་པ་ཚོས་མི་རིགས་ཁག་དབར་གོམས་གཤིས་མི་འདྲ་མོད། འོན་ཀྱང་ཇ་སྟོན་སྣེ་ལེན་ནི་ཐུན་མོང་གི་གོམས་གཤིས་ཤིག་ཡིན་ལ། བརྩེ་སེམས་ཟབ་ཏུ་གཏོང་བ་དང་འགལ་བ་སེལ་བའི་བྱེད་ཐབས་ཡག་ཤོས་ཤིག་ཡིན་པ་ཤེས་རྟོགས་བྱུང་། དེར་བརྟེན། སྡེ་ཁུལ་གྱིས་ཇ་སྟོན་སྣེ་ལེན་ལ་བརྟེན་ནས་དོན་གྲོས་བྱེད་པ་དང་རྩོད་གཞི་ཐག་གཅོད་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི“སེམས་སྦྲེལ་ཟམ་པ”བཙུགས་པ་རེད།
ཧྲུའུ་ཅིས་མཚན་མོར་འདྲི་རྟོགས་བྱས་པ་ལས་མི་རིགས་མཐུན་སྒྲིལ་ལ་མཐོང་ཆེན་བྱེད་པ་མངོན།
“ཁེ་ལས་ཀྱིས་ཞལ་འདེབས་བརྒྱབ་པའི་འཚམས་འདྲིའི་དངུལ་སྒོར་1000གིས་ཁྱེད་ཚོའི་ཁྱིམ་ཚང་གི་དཀའ་ངལ་ཕྲན་བུ་སེལ་ཐུབ་པའི་རེ་བ་ཡོད” ད་ལོའི་ཟླ་2པར་ཞི་མཐུན་སྡེ་ཁུལ་གྱི་ཏང་ཀྲི་པུས“ཧྲུའུ་ཅིས་མཚན་མོར་འདྲི་རྟོགས་བྱེད་པའི”ལམ་ལུགས་དམ་འཛིན་བྱ་གཞིར་བྱས་ཏེ་དོན་གྲོས་ཁང་དུ་འབྱོར་བའི་ཡུལ་བབ་དམངས་འདུན་དང་ཟུང་འབྲེལ་བྱས་ནས་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་འདྲི་རྟོགས་གཏིང་ཟབ་བྱས་པ་རེད། མཚན་མོ་ཞིག་ལ་བོགས་གཏོང་ཁང་པ་གཅིག་སྡུད་ཁུལ་དུ་འདྲི་རྟོགས་བྱེད་སྐབས། དཀའ་ངལ་ཡོད་པའི་ལས་མི་བཟའ་ཚོ་གཉིས་དང་ཕྲུ་གུ་5སྨི་ངོས་གྲུ་40ཙམ་ཡོད་པའི་ཁང་པའི་ནང་སྡོད་པ་དང་བུ་མོ་ཆུང་བའི་ཁ་ཤོ་གཤགས་བཅོས་བྱས་པར་སྨན་རིན་སྒོར་ཁྲི་7ལྷག་ཙམ་སྤྲོད་དགོས་པས་ཁྱིམ་ཚང་གི་ཁུར་པོ་ལྕི་པོ་ཡོད་པ་ཤེས་རྟོགས་བྱུང་། གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱས་རྗེས། ཞི་མཐུན་སྡེ་ཁུལ་གྱིས་གཅེས་སེམས་ཁེ་ལས་དང་མགྱོགས་མྱུར་འབྲེལ་མཐུད་བྱས་ནས་ཞལ་འདེབས་དངུལ་ཁོང་ཚོར་སྤྲད་པ་རེད།
“ང་ཚོས་གཟའ་འཁོར་རེའི་གཟའ་པ་སངས་ཀྱི་དགོང་མོ‘ཧྲུའུ་ཅིས་མཚན་མོར་འདྲི་རྟོགས་བྱེད་པའི་ཉིན་མོར’གཏན་འཁེལ་བྱས་ཏེ་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་དང་ཏང་ཀྲི་པུའི་ཧྲུའུ་ཅིས་སྣེ་ཁྲིད་བྱེད་པ་དང་། སྡེ་ཁུལ་གྱི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གི་ཁོངས་མི་དང་། དྲ་མིག་པ། ཏང་ཡོན་རྐང་འཛིན་པ་སོགས་ལས་གྲུབ་པའི་མཚན་མོའི་འདྲི་རྟོགས་ལས་དོན་ཚོགས་ཆུང་བོགས་གཏོང་སྒོ་ར་དང་། ཁུལ་ཆུང་རྙིང་པ། འགལ་བ་གཅིག་སྡུད་ས་ཁོངས། འཚོ་བར་དཀའ་ངལ་ཡོད་པའི་གྲོང་མིའི་ཁྱིམ་བཅས་སུ་བསྐྱོད་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་སྤེལ་ཡོད”ཅེས་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་ཡོན་ཆིང་གིས་བཤད།
2025ལོར་ཞི་མཐུན་སྡེ་ཁུལ་གྱིས“ཧྲུའུ་ཅིས་མཚན་མོར་འདྲི་རྟོགས”བྱེད་སྒོ་ཐེངས་23སྤེལ་ནས་རིམ་རྩིས་བརྒྱབ་ན་དུད་ཚང་200ལྷག་ཙམ་ལ་འདྲི་རྟོགས་བྱས་པ་དང་། སྤྱི་པའི་སྒྲིག་བཀོད་དང་། ཁོར་ཡུག་འཕྲོད་བསྟེན། སྡེ་ཁུལ་ཞབས་ཞུ་སོགས་དང་འབྲེལ་བ་ཡོད་པའི་ཡུལ་བབ་དམངས་འདུན་30ལྷག་ཙམ་འབྱོར་བ་དང་གནད་དོན་ཐག་གཅོད་བྱེད་ཚད་98%ཟིན་ཡོད།
ལྷ་ས་དར་དམར་ཁྲོམ་གཞུང་ཞི་མཐུན་སྡེ་ཁུལ་གྱིས་དོན་གྲོས་ཁང་ལ་བརྟེན་ནས་བབ་བསྟུན་གྱི་བྱེད་ཐབས་སྤྱད་ནས་མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཟམ་བསྐྲུན་ཏེ་ཁྱིམ་མཚེས་དབར་གྱི་འགལ་བ་དང་དམངས་འཚོའི་དཀའ་གནད་སེལ་བ་མ་ཟད། མི་རིགས་ཀྱི་བརྩེ་སེམས་ཟབ་ཏུ་བཏང་ནས་གངས་ལྗོངས་ས་མཐོར་གཞི་རིམ་བཅོས་སྐྱོང་དང་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་ལེའུ་བརྩམས་ཏེ། མི་རིགས་མང་པོ་འདུས་སྡོད་སྡེ་ཁུལ་གྱི་ཞི་མཐུན་འཕེལ་རྒྱས་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
རིགས་དབྱེ་ཇུས་བསྟར་བྱས་པ་ལས་མི་རིགས་མཐུན་སྒྲིལ་གྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ།
མི་རིགས་མང་པོ་འདུས་སྡོད་སྡེ་ཁུལ་ཞིག་ཡིན་པའི་ཞི་མཐུན་སྡེ་ཁུལ་ལ་དེ་སྔ་ཁྱིམ་མཚེས་དབར་གྱི་འགལ་བ་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཁྱད་པར་ལས་བྱུང་བའི་རྩོད་གཞི་སྣ་ཚོགས་འཕྲད་མྱོང་ཡོད། དོན་གྲོས་ཁང་བཙུགས་རྗེས་འགལ་བ་དེ་དག་རིམ་གྱིས་མེད་པར་གྱུར་ནས་སྡེ་ཁུལ་གྱི་མི་རིགས་ཁག་གི་གྲོང་མི་རྣམས་བསམ་པ་རྣམ་དག་གི་སྤེལ་རེས་ཁྲོད་ཕན་ཚུན་བསམ་ཤེས་དང་ཐུན་མོང་གི་ངོས་འཛིན་ཟབ་ཏུ་ཕྱིན་ཡོད། ད་ལོའི་ཟླ་2པར་ཞི་མཐུན་སྡེ་ཁུལ་གྱི་ཏང་ཀྲི་པུས་དོན་གྲོས་ཁང་ལ་བརྟེན་ནས་ངལ་རྩོལ་གླ་ཆའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་ཤིང་། “སྐབས་དེ་དུས་རྩོད་གཞི་དེ་དང་འབྲེལ་བ་ཡོད་པའི་དངུལ་གྲངས་མང་བས་ང་ཚོས་གནས་ཚུལ་ཤེས་རྟོགས་བྱས་རྗེས་འཕྲལ་མར་ཕྱོགས་གཉིས་པོ་དོན་གྲོས་ཁང་དུ་ཁྲིད་དེ་གྲོས་མོལ་ཐག་གཅོད་བྱས་མཐར་ཕྱོགས་གཉིས་པོས་ཁ་ཆད་ལྟར་ས་གནས་ས་ཐོག་ཏུ་འགྱངས་ཆད་གླ་ཆ་སྤྲོད་རྒྱུའི་ཐག་བཅད་ཡོད” འགལ་བ་སེལ་བའི་ལས་ཕྱོད་དང་སྤུས་ཚད་མཐོ་རུ་གཏོང་ཆེད་དོན་གྲོས་ཁང་གིས་འགལ་བ་ཐག་གཅོད་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་འགལ་བ་ཐག་གཅོད་ཐུབ་པ་བྱས་ཡོད་ཅེས་ཉི་མས་ངོ་སྤྲོད་བྱས་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར། དོན་གྲོས་ཁང་གིས་སྡེ་ཁུལ་ཏང་ཀྲི་པུའུ་ལྟེ་བར་བྱེད་པ་དང་དྲ་མིག་ཅན་གྱི་དོ་དམ་མ་ལག་ལ་བརྟེན་པ་མ་ཟད། སྡེ་ཁུལ་གྱི་ལས་དོན་པ་དང་། གྲོང་སྡོད་ལས་དོན་རུ་ཁག ཏང་ཡོན་གྱི་འཐུས་མི། གཉིས་ལྡན་དུད་སྦྲེལ་གྱི་འཐུས་མི། བཅའ་ཁྲིམས་བློ་འདྲི་སོགས་ཕྱོགས་མང་པོའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་འདུམ་འགྲིག་དཔུང་ཁག་བཙུགས་པ་དང་། “ཡོངས་བསྒྲགས་ངང་དོན་གྲོས་དང་། རིགས་དབྱེ་བརྡར་གཅོད། སྔོན་ནས་འབྲེལ་གཏུག སྣེ་མང་ནས་ཐག་གཅོད”བཅས་ཀྱི་འདུ་ཤེས་ལ་དམིགས་ཁར། དུས་བཀག་ལྟར་རམ་ཡང་ན་དུས་ངེས་མེད་ངང་དོན་གྲོས་ཚོགས་འདུ་འཚོགས་ཏེ་འགལ་བ་དང་རྩོད་གཞི་དེ་ཕྱི་གསལ་ནང་གསལ་གྱི་སྒོ་ནས་གྲོས་བསྡུར་དང་། འབྱུང་རྩར་དབྱེ་ཞིབ། རྩོད་གཞིའི་ངོ་བོར་གཞིགས་ནས་དམིགས་སའི་འདུམ་འགྲིག་བྱེད་ཐབས་སྤྱོད་པ། འགལ་བ་ཇེ་སྡུག་ཏུ་མ་སོང་གོང་ནས་རང་འགུལ་གྱིས་ཐེ་ཇུས། སྔོན་ནས་འབྲེལ་གཏུག་བཅས་བྱས་ཏེ་འགལ་ཟླ་བསལ་ཡོད།
2025ལོར་དོན་གྲོས་ཁང་གིས་འགལ་བ་དང་རྩོད་གཞི་སྣ་ཚོགས་14བདག་སྤྲོད་དང་འདུམ་འགྲིག་བྱས་པ་དེ་དག་ཚོང་དུད་དང་། གྲོང་མི། ཁེ་ལས་སོགས་བྱེད་པོ་སྣ་ཚོགས་དང་འབྲེལ་བ་ཡོད་པ་དང་ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་། བོགས་གཏོང་གི་རྩོད་གཞི། ངལ་རྩོལ་གླ་ཆའི་རྩོད་གཞི་སོགས་འགལ་བ་སྣ་ཚོགས་ཚུད་ཡོད། འདུམ་འགྲིག་ལས་དོན་གཏིང་ཟབ་སྤེལ་བར་བརྟེན་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ཕྱིན་ཏེ་བསམ་ཤེས་དང་བསྟུན་མཁས་ཀྱི་བསམ་པའི་ཐོག་ནས་འགལ་བ་དང་རྩོད་གཞི་སེལ་བ་དང་། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ཡོད།
འབྲེལ་ཡོད་གསར་འགྱུར།