མངོན་མེད་ཉེན་ཁ་གནས་པ།

ཤའོ་ཆེ་གེ་མོས“འབྱུག་མ་ཐག་ལམ་སེང་དྲག་གི་འདུག་ཅེས་བརྡ་ཁྱབ་ནང་དུ་འཁོད་པ་བཞིན་ཕྲུ་གུར་བྱུགས་པ་ཡིན། དང་ཐོག་ནུས་པ་མགྱོགས་པོ་ཐོན་གྱི་འདུག་ཀྱང་། ཉིན་ཤས་མ་འགོར་བར། ཆུ་ཐོར་དེ་བས་མང་དུ་ཕྱིན་སོང”ཞེས་གནོང་འགྱོད་ཆེན་པོས་བརྗོད།
འབྱུག་མ་ཐག་ལམ་སེང་དྲག་གི་འདུག་ཅེས་པའི་བྱིས་པའི་བྱུགས་རྫས་དེ་འབྱུག་ན་བདེ་ཐང་ལ་གནོད་པ་གང་ཡོད་དམ། དེའི་རྒྱབ་ཏུ་མངོན་མེད་ཉེན་ཁ་གང་དག་གནས་ཡོད་དམ། འདིའི་སྐོར་ལ་ཤིན་ཧྭ་དྲ་བའི་གསར་འགོད་པས་བརྟག་དཔྱད་བྱས་རྗེས། འབྱུག་མ་ཐག་ལམ་སེང་དྲག་གི་འདུག་ཅེས་འཁོད་པའི་བྱིས་པའི་གཉན་འཇོམས་བྱུག་རྫས་མང་དག་ཅིག་ལ་ཁྲིམས་འགལ་ངང་ནུས་ཆེའི་སྐུལ་རྩི་བསྲེས་ཡོད་པ་ཤེས་རྟོགས་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།