དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བསམ་གྲུབ་རྩེ་སྤྱི་བདེ་ཅུས་ཀྱིས་རྐང་བཙུགས་ནས་རྒྱུ་ནོར་ལ་གཏོར་སྐྱོན་བཏང་བའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-31

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་གྲོང་ཤར་མངགས་གཏོང་ཁང་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ། རྐང་བཙུགས་ནས་རྒྱུ་ནོར་ལ་གཏོར་སྐྱོན་བཏང་བའི་གྱོད་གཞི་ཞིག་བདེ་བླག་ངང་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁྲིམས་འགལ་ཉེས་གསོག་དོགས་ཅན་1འཛིན་བཟུང་བྱས་པ་རེད།

    ཉེ་ཆར། གྲོང་ཤར་མངགས་གཏོང་ཁང་ལ་བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་ནས། ཧྲང་ཧའེ་བྱང་ལམ་དུ་རྐང་བཙུགས་ནས་རྒྱུ་ནོར་ལ་གཏོར་སྐྱོན་བཏང་བའི་དོན་རྐྱེན་ཞིག་ཐོན་ཡོད་པས་འཕྲལ་མར་ཐག་གཅོད་བྱེད་པར་སྐྱོད་དགོས་ཞེས་བརྗོད། ཉེན་བརྡ་འབྱོར་རྗེས། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་པ་དང་། ས་གནས་ས་ཐོག་ཏུ་རྩད་ཞིབ་དང་བརྟག་དཔྱད་བྱས་པ་བརྒྱུད། སྐྱེས་པ་ཞིག་ལམ་དུམ་དེར་སྐྱོད་སྐབས་ལམ་འགྲམ་དུ་བཞག་པའི་འཁོར་རྟགས་བོད་D3***9ཡི་འཕྲུལ་སྒུལ་འཁོར་རིགས་ཞིག་ལ་རྡོག་རྒྱག་བཞུས་པ་ཤེས་རྟོགས་བྱུང་བ་རེད།

    དེ་རྗེས། མི་དམངས་ཉེན་རྟོག་པས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གྲངས་གཞི་ཆེ་མོའི་མཉམ་སྒྲིག་འབད་འཐབ་ལྟེ་གནས་ཀྱི་ལག་རྩལ་འདེགས་སྐྱོར་ལ་བརྟེན་ནས། ཁྲིམས་འགལ་ཉེས་གསོག་དོགས་ཅན་ཆུང་ཆེ་གེ་མོ་མྱུར་དུ་གཏན་འཁེལ་བྱས་པ་དང་འབྲེལ། ཁོ་པ་བདེ་བླག་ངང་འཛིན་བཟུང་བྱས་པ་རེད། ཞིབ་བཤེར་བྱས་པ་བརྒྱུད། ཆུང་ཆེ་གེ་མོས་དེ་གོང་གྲོགས་པོ་དང་མཉམ་དུ་ཆང་རག་བཏུངས་རྗེས་རང་ཚུགས་མ་ཟིན་པར་ལམ་ཟུར་གྱི་རླངས་འཁོར་ལ་རྡོག་རྒྱག་གཞུས་པས། རླངས་འཁོར་དེར་ཆག་སྐྱོན་བྱུང་ཡོད་པ་རེད།

    དཔང་རྟགས་ཁུངས་བཙན་གྱི་མདུན་དུ་ཆུང་ཆེ་གེ་མོས་གཞུང་དང་སྒེར་གྱི་རྒྱུ་ནོར་ལ་རྐང་བཙུགས་ནས་གཏོར་སྐྱོན་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་སྦ་གསང་མེད་པར་ངོས་ལེན་ཞུས་ཤིང་། མིག་སྔར། ཆུང་ཆེ་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་སྲིད་འཛིན་བཀག་ཉར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།