དྲག་ཆས་ཉེན་རྟོག་ལྷ་ས་ཉིང་ལག་རུ་ཁག་གི་རུ་འབྲིང་ཞིག་གིས་མེ་མདའ་སྤྲོད་པའི་མཛད་སྒོ་འཚོགས་པ།

འདི་ནི་པན་ཀྲང་གིས་དམག་མི་གསར་པར་མེ་མདའ་སྤྲོད་བཞིན་པ།
དམག་མི་གསར་པའི་གཟི་བརྗིད་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། ལས་འགན་སྒྲུབ་སེམས་བཅས་སྐུལ་སློང་གིས་དམག་མི་བྱས་ནས་དམག་རྒྱག་དང་དམག་སྦྱོང་བྱས་ནས་དམག་རྒྱག་གི་བསམ་བློའི་གོ་རྟོགས་ཆེ་རུ་གཏོང་ཆེད། ཉེ་ཆར། དྲག་ཆས་ཉེན་རྟོག་ལྷ་ས་ཉིང་ལག་རུ་ཁག་གི་རུ་འབྲིང་ཞིག་གིས་མེ་མདའ་སྤྲོད་པའི་མཛད་སྒོ་འཚོཌ་པ་རེད།
མཛད་སྒོ་དེ《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི》ཁྲོད་དུ་འགོ་ཚུགས་ཤིང་། དམག་མི་གསར་པ་ཡོངས་སྙིང་སྟོབས་རབ་ཏུ་འཕེལ་བ་དང་། ཉམས་འགྱུར་བཟང་བ། མིག་ཟུང་བརྟན་པ། རྣམ་འགྱུར་སྒམ་ནན་བཅས་ཡོད། བཀོད་འདོམས་པས“མེ་མདའ་སྤྲོད”ཅེས་པའི་བཀའ་བཏང་བ་དང་བསྟུན་ནས་མེ་མདའ་སྤྲོད་པའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་དང་། པན་ཀྲང་ཚོས་གཟབ་ནན་ངང་འོད་ཐིང་ཐིང་འཚེར་བའི་མེ་མདའ་རེ་རེ་བཞིན་དམག་མི་གསར་པའི་ལག་ཏུ་སྤྲད་པ་དང་། དམག་མི་གསར་པ་ཚོས་ལག་པ་གཉིས་ཀྱིས་མེ་མདའ་བླངས་ནས་བྲང་ཁར་དམ་པོར་སྦྱར་བ་དང་། མིག་ཟུང་ལས་སེམས་འགུལ་ཆེན་པོ་ཐེབས་པ་དང་སྤོབས་སེམས་ཆེན་པོ་སྐྱེས་པའི་རྣམ་འགྱུར་ཞིག་ངང་གིས་མངོན་ཡོང་། དེ་ནི་མཚོན་ཆ་ཞིག་རྩིས་སྤྲོད་རྩིས་ལེན་བྱས་པ་ཞིག་རེད་ལ། ལྷག་བསམ་རྣམ་དག་གི་རྒྱུན་འཛིན་དང་། འགན་འཁྲི་རྒྱུན་མཐུད། ཁྲག་རྒྱུན་རྒྱུན་མཐུད་བཅས་དེ་བས་རེད།
དམག་མི་གསར་པའི་འཐུས་མི་བཀྲ་ཤིས་ཀྱིས“མེ་མདའ་ལེན་པའི་སྐབས་དེར‘དམག་མི’ཞེས་པའི་ཡིག་འབྲུ་གཉིས་པོའི་དོན་སྙིང་ངོ་མ་ཤེས་བྱུང་། མེ་མདའ་འདིས་སྲུང་བ་ནི་རྒྱལ་ཁབ་ཀྱི་དུས་བདེ་དང་ཐེག་པ་ནི་མི་དམངས་ཀྱི་རེ་སྒུག་རེད། ངས་སྙིང་རུས་ཆེན་པོས་སྦྱོང་བརྡར་བྱེད་པ་དང་དྲག་རྩལ་ཆེ་རུ་བཏང་ནས་མེས་རྒྱལ་དང་མི་དམངས་བློ་སེམས་བདེ་བའི་དམག་མི་ཕུལ་བྱུང་ཞིག་བྱེད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།