སྙེ་མོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
སློབ་གྲྭ་འབྲིང་ཆུང་སློབ་མའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ། སློབ་གྲྭ་དང་འབྲེལ་བ་ཡོད་པའི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་བ་བཅས་བྱ་ཆེད། ཉེ་དུས། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་མང་པོར་བསྐྱོད་ནས“འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་སློབ་གྲྭར་ཁྱབ་སྤེལ་གཏོང་བའི”བརྗོད་དོན་གཙོ་བོའི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
དྲིལ་བསྒྲགས་བྱེད་མཁན་མི་དམངས་ཉེན་རྟོག་པས་རྫོང་དེའི་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་དོན་དངོས་དང་། དེ་བཞིན་སློབ་མའི་རྒྱུན་གཏན་གྱི་འགྲོ་སྐྱོད་ཁྱད་ཆོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དྲི་བ་དྲིས་ལན་དང་། གྱོད་དཔེར་གསལ་འགྲེལ། པར་རིས་དང་ཡི་གེ་འགྲེམས་སྟོན་སོགས་ཀྱི་བྱ་ཐབས་བརྒྱུད་འགྲིམ་འགྲུལ་བདེ་འཇཌ་ཀྱི་ཤེས་བྱ་གསོན་ཉམས་དོད་པའི་སྒྲོག་འགྲེལ་ཁྲོད་ཁྱབ་པར་བྱས་ཡོད། གཅིག་སྡུད་དྲིལ་བསྒྲགས་ཀྱི་ལྷུ་ཚིགས་སུ་མི་དམངས་ཉེན་རྟོག་པས་སློབ་མ་ཚོ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ནས“་བདེ་འཇགས་ངང་རྒྱ་ལམ་ཇི་ལྟར་སྒྲོལ་དགོས་པ”དང“རླངས་འཁོར་ལ་སྡོད་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན”སོགས་ཀྱི་གནད་དོན་ལ་དམིགས་ནས་དྲི་བ་འདོན་པ་དང་ཁྲིད་སྟོན་བྱས་ཏེ་ཕྲུ་གུ་ཚོར་རང་འགུལ་ངང་བསམ་གཞིག་དང་ལན་ཧུར་ཐག་འདེབས་པར་སྐུལ་ལྕག་བྱས་ནས་བག་ཕེབས་དང་སྤྲོ་སྣང་ལྡན་པའི་ཁོར་ཡུག་ཁྲོད་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།