དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེའི་མེ་ཟོན་རོགས་སྐྱོབ་སྐབས་བསྟུན་རུ་ཆེན་གྱིས།

    དགེ་སློབ་ཚོར་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-31

    རྒྱ་ཆེའི་དགེ་སློབ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་སྐྱོབ་དང་སྐྱོབ་རེས་ཀྱི་ནུས་པ་ཆེ་རུ་བཏང་ནས་སློབ་གྲྭའི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་ཆེད། ཉེ་ཆར། གཞིས་རྩེའི་མེ་ཟོན་རོགས་སྐྱོབ་སྐབས་བསྟུན་རུ་ཆེན་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོར་བསྐྱོད་དེ“མེ་ཟོན་ཤེས་བྱ་སློབ་གྲྭར་ཁྱབ་གདལ་གཏོང་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ནང་སྦྱོང་བྱེད་སྒོ་སྤེལ་ནས་མེ་ཟོན་བདེ་འཇགས་ཤེས་བྱ་དགེ་སློབ་ཚོར་ཁྱབ་གདལ་བཏང་སྟེ་བདེ་འཇགས་ཀྱི་འདུ་ཤེས་ཆགས་ཐུབ་པར་བྱས་ཡོད།

    ཛ་དྲག་གི་སློབ་གྲྭའི་ཉེན་བརྡ་བསྒྲགས་པ་དང་བསྟུན་ནས་འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་དངོས་སུ་འགོ་ཚུགས་ཤིང་། དགེ་སློབ་ཡོངས་ཀྱིས་མེ་ཟོན་པ་དང་སློབ་ཁྲིད་དགེ་རྒན་གྱི་གོ་རིམ་ལྡན་པའི་ཁྲིད་སྟོན་འོག་ཁ་འགྲེམས་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་ཏེ། མགྱོགས་མྱུར་ཕྱིར་ཐོན་ནས་སློབ་གྲྭའི་བདེ་འཇགས་ཀྱི་གཅིག་སྡུད་ཁུལ་དུ་བདེ་བླག་ངང་འབྱོར་བ་རེད། ནང་སྦྱོང་མཇུག་འགྲིལ་རྗེས་མེ་ཟོན་རོགས་སྐྱོབ་མི་སྣས་འཕྲལ་མར་ཕྱོགས་སྡོམ་དཔྱད་བསྡུར་བྱས་ནས་ནང་སྦྱོང་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཡོད།

    ད་ཐེངས་ཀྱི་བྱེད་སྒོར་དགེ་སློབ་1600ལྷག་ཙམ་ཞུགས་ཡོད་པ་དང་། “རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། དངོས་འཐབ་ནང་སྦྱོང་། དངོས་སྦྱོང་ཉམས་ལེན”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་བརྒྱུད་དགེ་སློབ་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ནས་དུས་བདེའི་སློབ་གྲྭ་འཛུགས་སྐྲུན་བྱེད་པར་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།