དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲིམས་ཁང་གིས་ཁེ་ལས་ཀྱི་སེམས་ཁྲལ་ཧུར་ཐག་བསལ་བ།

    ——ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-31

    འདི་ནི་ཆབ་མདོ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གི་ལས་དོན་པས་འབྲེལ་ཡོད་ཁེ་ལས་སུ་ཚོང་གཉེར་ཁོར་ཡུག་གི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    2025ལོ་ཚུན་དུ་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྲོང་ཨུད་ཀྱི“3+1+1”གི་ལས་འགན་གལ་ཆེན་ལ་དམིགས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། གནད་སྨིན་བརྟག་ཞིབ་ནས་སྒོ་དབྱེ་གསལ་འདེབས་དང་ལེན་བྱེད་པའི་བར་དང་། ཉེན་བརྡ་གཏོང་བ་ནས་དཔེ་སྟོན་ཁྲིམས་རའི་འདྲི་གཅོད་བར་གཅིག་ལ་གཅིག་འབྲེལ་གྱི་ཁྲིམས་སྐྱོང་གི“སྣ་འདུས་ཐབས་བཟང”ཆ་ཚང་ཞིག་བཏོན་ཏེ་ཁེ་ལས་ཀྱི་སེམས་ཁྲལ་དག་ཁྲིམས་ཁང་གིས་ཧུར་ཐག་བསལ་ཡོད།

    ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འགག་རྩ་ནི་གནད་སྨིན་དང་ཕན་འབྲས་དངོས་ཐོན་པར་ཐུག་ཡོད། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགན་འཁུར་བ་གཙོ་བོས་རུ་སྣེ་ཁྲིད་དེ་ཆབ་མདོ་ཁུལ་གསར་གྱི་འཐབ་ས་དང་པོར་བསྐྱོད་ནས་ཁེ་ལས་ཀྱི་འགན་འཁུར་བ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྙིང་གཏམ་ཤོད་རེས་དང་སྤེལ་རེས་བྱས་ཡོད། ངལ་རྩོལ་ལས་མི་བཀོལ་སྤྱོད་དང་། གན་རྒྱ་ལག་བསྟར། ཤེས་བྱའི་བདག་དབང་སྲུང་སྐྱོང་སོགས་ཐད་ཀྱི་ཁེ་ལས་ཀྱི་རེ་ཞུ་ཁག་12བསྡུ་རུབ་བྱས་ཡོད། “གནད་དོན་གྱི་གསལ་ཐོར”གཞིགས་ནས་ཁྲིམས་ཁང་གིས་ཁྲིམས་སྐྱོང་ཁོར་ཡུག་ལེགས་སུ་གཏོང་ཕྱོགས་གསལ་པོ་བཟོས་ཡོད།

    རེ་ཞུ་གསལ་རྟོགས་བྱས་པའི་རྨང་གཞིའི་ཐོག་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“སྒོ་དབྱེ་གསལ་འདེབས་དང་ལེན”གྱི་ཞབས་ཞུ་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། 2025ལོའི་ཟླ་7པར“ཆབ་མདོའི་ཁྲིམས་ཁང་དང་ཁེ་ལས‘ངོ་འཕྲད’”ཀྱི་བཞུགས་མོལ་ཚོགས་འདུ་ཁང་དེར་འཚོགས་པ་དང་། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་13གྱི་འཐུས་མིས་གང་བསམ་ལྷུག་གླེང་བྱས་ཡོད། དེ་རྗེས་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཟླ་རེའི་ཚེས་15དེ“ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཉིན་མོར”གཏན་འཁེལ་བྱས་པ་དང་ཁེ་ལས་དང་འབྲེལ་བའི་གྱོད་གཞིའི་ཁྲིམས་ར་འཚོགས་པའི་ཆ་འཕྲིན་ཐེངས་39ཁྱབ་བསྒྲགས་བྱས་ཡོད། ཁེ་ལས་ཀྱིས་བཏོན་པའི“བཅའ་ཁྲིམས་ཀྱི་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ”དང“ཐོགས་མེད་བགྲོད་ལམ”སོགས་ཀྱི་རེ་ཞུ་དག“ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་ཐབས་བཅུ”དང་ཁེ་ལས་དང་འབྲེལ་བའི་རེ་ཞུའི་ལས་དོན་གྱི་ལམ་སྲོལ་དུ་རེ་རེ་བཞིན་བསྒྱུར་ནས་གནད་སྨིན་ཞབས་ཞུར་ལམ་ལུགས་ཀྱི་འདེགས་སྐྱོར་བྱས་པ་རེད།

    ཁེ་ལས་དོ་དམ་པའི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་ཆེད། 2025ལོའི་ཟླ་8པར། ཧྥུའུ་ཅན་གྱི་བོད་སྐྱོར་ཁྲིམས་དཔོན་གྱིས་འདྲི་གཅོད་པ་ཆེ་མོའི་འགན་ཁུར་བའི་དཔེ་སྟོན་ཁྲིམས་རའི་འདྲི་གཅོད་ཀྱིས་ཁེ་ལས་ཀྱི་རྐང་དབང་དང་འབྲེལ་བའི་རྩོད་གཞི་ཐག་གཅོད་བྱེད་པའི་འདྲི་གཅོད་གཉིས་པའི་གྱོད་གཞི་3སྤྱི་འདོམས་འདྲི་གཅོད་བྱས་ཡོད། ཟུར་ཉན་གྲལ་གནས་ཐོག་ཁེ་ལས་ཀྱི་འཐུས་མི་30ལྷག་ཙམ་གྱིས་ལྟ་སྦྱོང་ནན་ཏན་བྱས་ཡོད། “གྱོད་གཞི་གཅིག་ཞིབ་གཅོད་བྱེད་པ་དང་ཡུག་གཅིག་ལ་སློབ་གསོ་ཐེབས་པའི”ཕན་འབྲས་བཟང་པོ་ཐོན་ཡོད། དེ་དང་ཆབས་ཅིག“བོད་ཤར་ཆེད་དོན་བྱ་སྤྱོད”ལག་བསྟར་ཧུར་ཐག་བྱས་པ་རེད། 2025ལོ་ཚུན་དུ་ཆབ་མདོའི་རིམ་གཉིས་ཁྲིམས་ཁང་གིས་ལག་བསྟར་དོན་འཁྱོལ་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་3.48ལྷག་ཙམ་ཟིན་པ་དང་ཁ་དན་ཚིག་གནས་ངང་ཁྲིམས་སྲུང་བྱེད་པའི་འདུ་ཤེས་སྤྱི་ཚོགས་ཡོངས་ཀྱི་དར་སྲོལ་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།