གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།
མངའ་རིས་ཀྱིས་རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ནི་རུ་ཐོག་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་དྲིལ་བསྒྲགས་པས་ཁོངས་གཏོགས་ཁུལ་གྱི་ཚོང་ཁང་དུ་བསྐྱོད་དེ་གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

འདི་ནི་རྩ་མདའ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་གློག་སྒུལ་རྐང་འཁོར་ཚོང་སར་ངོ་ཐུག་གདོང་འཕྲད་ཀྱིས་དྲིལ་བསྒྲགས་བྱེད་བཞིན་པ།

འདི་ནི་མངའ་རིས་ས་ཁུལ་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྡེ་ཚན་མང་པོ་དང་མཉམ་དུ་གློག་སྒུལ་རྐང་འཁོར་གྱི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཉེ་ཆར། མངའ་རིས་ས་ཁུལ་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ས་ཁུལ་སྤྱི་བདེ་ཁྲུའི་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་དང་ཁྲོམ་ར་ལྟ་འདོམས་ཅུས་སོགས་འགན་ནུས་སྡེ་ཚན་ཁག་དང་མཉམ་དུ་ཁོངས་གཏོགས་ཁུལ་དུ་རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་གློག་སྒུལ་རྐང་འཁོར་གྱི་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། གཉེར་སྐྱོང་བྱ་སྤྱོད་འབྱུང་རྩ་ནས་ཚད་ལྡན་བཟོས་ཏེ་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་རེད།
དྲིལ་བསྒྲགས་ཚོགས་ཆུང་སྔ་རྗེས་སུ་གློག་སྒུལ་རྐང་འཁོར་ཕྱིར་ཚོང་ཁང་དང་ཉམས་བཟོའི་ས་ཚིགས་སུ་བསྐྱོད་དེ“ངོ་ཐུག་གདོང་འཕྲད་ཀྱིས་འགྲེལ་བཤད་རྒྱག་པ་དང་ས་གནས་ས་ཐོག་ཏུ་དོགས་གཞིར་ལན་འདེབས་པ་ཟུང་དུ་འབྲེལ་བའི”བྱ་ཐབས་སྤྱད་དེ་དྲིལ་བསྒྲགས་བྱས་པ་རེད། སྒྲོག་འགྲེལ་བྱེད་རིང་ལས་དོན་པས་རྒྱལ་ཁབ་ཀྱི་ཚད་གཞི་གསར་པའི་ལྟེ་བའི་བླང་བྱ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་དང་། འགྱིག་གི་ལྷུ་ལག་གིས་གློག་སྒུལ་རྐང་འཁོར་གྱི་སྤུས་ཚད་ཀྱི་བསྡུར་གྲངས་5.5%ལས་མི་བརྒལ་བ་དང་འགག་རྩའི་ལྷུ་ལག་ལ་འབར་འགོག་རྒྱུ་ཆ་སོགས་མེ་འགོག་ནུས་པ་ཆེར་གཏོང་གི་ཚད་གཞི་སྤྱད་པ། “གློག་སྒུལ་རྐང་འཁོར་རེར་གློག་གསོག་གློག་རྫས་རེ་དང་གློག་གསོག་ཡོ་ཆས་རེར་རྩ་གཉིས་བཤེར་རྟགས་རེ”ཡི་ཁུངས་འདེད་ཕན་ཚུན་ཁས་ལེན་ལམ་སྲོལ་གྱིས་ཁྲིམས་འགལ་ངང་བཟོ་བཅོས་བཀག་འགོག་བྱེད་པར་ཐོན་པའི་ནུས་པ་འགྲེལ་བཤད་ཞིབ་ཕྲ་རྒྱག་པ། བཀག་གཏོང་ནུས་པ་ལེགས་སུ་གཏོང་བ་དང་ཞ་སྐྱུར་གསོག་བྱེད་གློག་རྫས་ཀྱི་གློག་སྒུལ་རྐང་འཁོར་རིགས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་སོགས་བདེ་འཇགས་དང་དངོས་སྤྱོད་རིམ་སྤོར་གྱི་ནང་དོན་ཁ་གསལ་བཟོས་ཡོད།
ད་ཐེངས་ཀྱི་མཉམ་འབྲེལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད་གློག་སྒུལ་རྐང་འཁོར་ཕྱིར་ཚོང་ཚོང་པ་དང་ཉམས་གསོ་ཁང་གིས་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་ཤེས་རྟོགས་ཐུབ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་མ་ཟད། འཛད་སྤྱོད་པར་བདེ་འཇགས་ངང་བདམས་ཉོ་བྱེད་པའི་ཤེས་བྱའང་ཁྱབ་གདལ་བཏང་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།