གཞིས་རྩེའི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་རུ་ཆེན་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཆེད་དོན་དྲིལ་བསྒྲཌ་དང་དངོས་སྤྱོད་གསོ་སྦྱོང་བྱས་པ།
ཉེ་དུས་གཞིས་རྩེའི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་རུ་ཆེན་གྱིས་གྲོ་མོ་རྫོང་དང་སྐྱིད་གྲོང་རྫོང་གི་གཙོ་གནད་ནགས་ཁུལ་དང་དེ་བཞིན་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཆེད་དོན་དྲིལ་བསྒྲགས་དང་དངོས་སྤྱོད་གསོ་སྦྱོང་བྱས་ཤིང་། ནགས་ཚལ་གྱི་མེ་ཟོན་རྩལ་ནུས་གསོ་སྦྱོང་དང་། སྒྲིག་ཆས་འཁྱེར་ནས་སྐོར་སྲུང་བྱེད་པ། མེ་ཟོན་ཤེས་བྱ་དྲིལ་བསྒྲགས་སོགས་ཀྱི་རྣམ་པ་བརྒྱུད་ནགས་ཁུལ་གྱི་མང་ཚོགས་དང་ཡུལ་སྐོར་བར་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཤེས་བྱ་ཁྱབ་གདལ་བཏང་བ་དང་། 《ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གསལ་འགྲེལ་དང་དྲིལ་བསྒྲགས་བྱས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཉུང་དུ་ནུས་ལྡན་བཏང་ཡོད།
“མིག་སྔར་གྲོང་ཚོ་དང་སྡེ་ཁུལ་དང་བདག་སྐྱོང་ས་ཚིགས་ཁག་གཅིག་ལ་མེ་གསོད་ཡོ་བྱད་སྒྲིག་སྦྱོར་བྱས་ཀྱང་བེད་སྤྱོད་བྱེད་མི་ཤེས་པའི་གནད་དོན་ཡོད་པས་ང་ཚོས་ཆེད་མངགས་ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་མེ་ཟོན་པས་གྲོང་ཚོ་རེ་རེར་བསྐྱོད་དེ་སྒྲིག་ཆས་དངོས་སྤྱོད་ཀྱི་གསོ་སྦྱོང་བྱེད་ཐབས་སྤྱད་པ་དེས་འཐབ་ས་དང་པོའི་མི་སྣའི་སྒྲིག་ཆས་བཀོལ་སྤྱོད་བྱང་མི་ཆུབ་པ་དང་། བདག་སྐྱོང་ཚད་ལྡན་མིན་པ། སྐྱོན་ཤོར་བར་ཞིབ་དཔྱད་ཡག་པོ་མི་ཐུབ་པ་སོགས་དངོས་སྤྱོད་ཀྱི་དཀའ་གནད་ཐག་གཅོད་ཐུབ་རྒྱུའི་རེ་བ་ཡོད”ཅེས་རུ་ཆེན་དེའི་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།
དུས་མཚམས་དེའི་རིང་། གཞིས་རྩེའི་མེ་གསོད་རོགས་སྐྱོབ་སྐབས་བསྟུན་རུ་ཆེན་གྱིས“དྲིལ་བསྒྲགས་དང་། གསོ་སྦྱོང་། སྐོར་སྲུང”བཅས་ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་སྟངས་བརྒྱུད་གཞི་རིམ་གྱི་ནགས་སྲུང་བ་དང་མང་ཚོགས་ཀྱི་མེ་གསོད་རྩལ་ནུས་ཆེ་རུ་བཏང་བས་འཐབ་ས་དང་པོའི་མེ་སྐྱོན་སེལ་བ་དང་རང་འགོག་རང་སྐྱོབ་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཐོག་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇཌ་ཀྱི་སྲུང་བཅད་བརྟན་པོ་ཞིག་བསྐྲུན་ཡོད།
ད་ཐེངས་ཀྱི་བྱ་སྤྱོད་ཁྲོད། རུ་ཆེན་དེས་དུད་ཚང་15ལ་བཅར་འདྲི་དང་དྲིལ་བསྒྲགས་བྱས་པ་དང་། གཙོ་གནད་ནགས་ཁུལ་དང་མཛེས་ལྗོངས་ཁུལ་སྤྱི་ལེ་20ལྷག་ཙམ་ལ་སྒྲིག་ཆས་འཁྱེར་ནས་སྐོར་སྲུང་བྱས་པ། མི་ཐེངས་100ལྷག་ཙམ་ལ་མེ་གསོད་ཡོ་བྱད་དངོས་སྤྱོད་ཀྱི་གསོ་སྦྱོང་བཅས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།