དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མངའ་རིས་ས་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཁ་ལོ་བ་གསར་པར་སློབ་ཚན་དང་པོ་ཡག་པོ་འཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-24

    འབྱུང་རྩ་ནས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་རགས་བརྟན་དུ་བཏང་སྟེ། ཁ་ལོ་བའི་ལག་ཁྱེར་སྤྲོད་པ་དང་ཆབས་ཅིག་བདེ་འཇགས་ངང་རླངས་འཁོར་གཏོང་བའི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། མངའ་རིས་ས་ཁུལ་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཁ་ལོ་བའི་ལག་ཁྱེར་སྤྲོད་རྒྱུ་གོ་སྐབས་སུ་བྱས་ནས། ཁ་ལོ་བ་གསར་པར་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་དམ་བཅའ་འཇོག་པ་དང་། ལག་ཁྱེར་ལེན་པ། དྲིལ་བསྒྲགས་ལག་བསྟར། ཉེན་བརྡ་བཅས་མཉམ་དུ་བཏང་སྟེ་འབྱུང་རྩ་ནས་བདེ་འཇགས་ཀྱི་འགོག་རགས་བརྟན་དུ་བཏང་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། ཁ་ལོ་བ་གསར་པས་ལག་པ་གཡས་པ་མཐོན་པོར་བསྒྲེངས་ནས་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག་པ་དང་། འགྲིམ་འགྲུལ་ཁྲིམས་སྲོལ་ནན་པོ་སྲུང་བ་དང་ཡ་རབས་དང་བདེ་འཇགས་ངང་རླངས་འཁོར་གཏོང་བའི་ཁས་བླངས་པ་རེད། དེ་རྗེས། མི་དམངས་ཉེན་རྟོག་པས་ཆ་འཕྲིན་རེ་རེ་བཞིན་ཞིབ་བསྡུར་བྱས་ནས་ཁ་ལོ་བའི་ལག་ཁྱེར་གསར་རྐྱང་དེ་ཁ་ལོ་བ་གསར་པར་སྤྲད་པ་དང་འབྲེལ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་དེབ་སྤྲད་དེ“ཞྭ་གཅིག་ཐག་གཅིག”དང་ཆང་བཏུངས་འཁོར་གཏོང་གི་ཞིབ་བཤེར་ཐག་གཅོད་ཚད་གཞི་སོགས་ཀྱི་ཤེས་བྱ་གཙོ་བོ་ཞིབ་ཕྲའི་ངང་འགྲེལ་བཤད་བརྒྱབ་པ་རེད། དཔེ་མཚོན་གྱོད་དཔེའི་ལས་འཛོལ་འགྲེམས་པང་མདུན་དུ། མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ལས་འཛོལ་གྱོད་དཔེ་དང་ཟུང་འབྲེལ་གྱིས་མྱུར་ཚད་ལས་བརྒལ་བ་དང་། སེམས་གཡེང་ནས་རླངས་འཁོར་གཏོང་བ། དངོས་སྦྱོང་དུས་ཚོད་ནང་སྒྲིག་འགལ་ངང་རླངས་འཁོར་གཏོང་བ་སོགས་ཀྱི་བྱེད་སྤྱོད་ཀྱི་མཇུག་འབྲས་ཚབས་ཆེན་ཐད་ཀར་བརྗོད་དེ། གྱོད་དཔེ་དངོས་ལ་བརྟེན་ནས་བདེ་འཇགས་ཀྱི་ཉེན་བརྡ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།