དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མཛོ་སྒང་རྫོང་སྤྱི་བདེ་ཅུས་ཀྱིས་འགྲོ་ལམ་བདེ་འཇཌ་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-24

    དགུན་དུས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ཡག་པོ་བསྒྲུབས་ནས། འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་ནུས་ལྡན་གཏོང་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་དྲོད་ཚད་དམའ་བ་དང་། གངས་ཆར་བབས་པ། དར་ཆགས་པ་སོགས་ཀྱི་དགུན་དུས་ཀྱི་གནམ་གཤིས་ངན་པ་ལས་བྱུང་བའི་ཉེན་ཁར་དམིགས་ནས། མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་ཁོངས་གཏོགས་ཁུལ་གྱི་རྒྱལ་ལམ་318དུ་བསྐྱོད་དེ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་ནས། དགུན་དུས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད།

    ལས་དོན་སྤེལ་རིང་། མི་དམངས་ཉེན་རྟོག་པས“མངོན་མེད་རྐྱེན་ངན་ནི་ལས་འཛོལ་ཡིན་པའི”འདུ་ཤེས་ཟབ་ཏུ་བཏང་ནས། ཁོངས་གཏོགས་ཁུལ་གྱི་ལས་འཛོལ་དང་དགུན་དུས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་འགྲིམ་འགྲུལ་ལས་འཛོལ་ཐོན་སླ་བ་དང་ཐོན་མང་བ་དང་། ལམ་ཀྱོག དུས་ཚོད་རིང་པོ་ཉི་མ་མི་ཕོག་པ་སོགས་ཀྱི་ལམ་དུམ་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་སྒྲིག་བཀོད་ཡོད་མེད་དང་། དུས་ཡུན་རིང་པོ་དར་ཆགས་མིན། འགྲིམ་འགྲུལ་གྱི་མཚོན་རྟགས་ལ་གཏོར་སྐྱོན་ཕོག་མིན་སོགས་གྲལ་བཤེར་བྱས་པ་མ་ཟད། མངོན་མེད་རྐྱེན་ངན་གྲལ་བཤེར་ཐུབ་པའི་ལམ་དུམ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་པ་རེད། དེ་དང་ཆབས་ཅིག་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱས་ཚུལ་ལ་རྒྱུན་མཐུད་རྗེས་སྙེག་ལྟ་སྐུལ་བྱས་ཏེ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།