འདམ་གཞུང་རྫོང་གནམ་མཚོ་གྲོང་རྡལ་ལྟེ་བའི་སློབ་ཆུང་གིས་ཁྲིམས་སྐྱོང་བདེ་འཇགས་སྒྲོག་འགྲེལ་གྱི་སློབ་ཚན་ཁྲིད་པ།
ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་སྐྱོང་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་ནས་གཞོན་ནུ་ལོ་ཆུང་སློབ་མའི་བདེ་འཇགས་ཐད་ཀྱི་དོགས་ཟོན་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པས“སློབ་གྲྭའི་ནང་གི་བརྙས་བཅོས་དང་། འགྲིམ་འགྲུལ་བདེ་འཇགས། དྲ་རྒྱའི་བདེ་འཇགས། རང་ངོས་སྲུང་སྐྱོང”བཅས་བརྗོད་དོན་གཙོ་བོ་བཞིར་དམིགས་ཏེ་སློབ་མར་གསོན་ཉམས་དོད་ལ་ངོ་མཚར་ཆེ་བའི་ཁྲིམས་སྐྱོང་བདེ་འཇགས་སྒྲོག་འགྲེལ་གྱི་སློབ་ཚན་ཞིག་ཁྲིད་པ་རེད།
སྒྲོག་འགྲེལ་བྱེད་རིང་ཁྲིམས་སྐྱོང་སློབ་སྤྱི་གཞོན་པས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། སློབ་ཆུང་སློབ་མའི་ལོ་ཚད་ཀྱི་ཁྱད་ཆོས་དང་ཤེས་རྟོཌ་ཆུ་ཚད་དང་ཟུང་འབྲེལ་བྱས་ཏེ་ཡིག་རིས་མཉམ་འདུས་ཀྱི་PPTསློབ་ཆས་ཞིབ་ཚཌ་བཟོས་ཡོད། སློབ་གྲྭའི་ནང་གི་བརྙས་བཅོས་གནད་དོན་ལ་དམིགས་ནས་གྱོད་དཔེ་ངོ་མར་དབྱེ་ཞིབ་བྱས་པ་བརྒྱུད། སློབ་མར་བརྙས་བཅོས་བྱེད་སྤྱོད་ཀྱི་གནོད་འཚེ་ངོས་འཛིན་གཏིང་ཟབ་ཐུབ་རྒྱུར་ཁྲིད་སྟོན་བྱས་ནས“གནོད་འཚེ་མི་ཕོག་པ་དང་། བརྙས་བཅོས་མི་བྱེད་པ། ཟུར་ལྟ་བ་མི་བྱེད་པ”བཅས་ཀྱི“མི་བྱེད་པ་གསུམ”གྱི་འདུ་ཤེས་བཙུགས་པ་དང་། སློབ་མར་ཚུལ་མཐུན་ངང་དྲ་བར་ཞུགས་པར་ཁྲིད་སྟོན་བྱས་ཡོད། རང་ངོས་སྲུང་སྐྱོང་སྐོར་གྱི་ལྷུ་ཚིགས་ནང་ལད་མོའི་མཉམ་འགུལ་བྱས་པ་བརྒྱུད། སློབ་མར་ཉེན་ཁ་དབྱེ་འབྱེད་དང་ཡང་དག་པའི་རོགས་སྐྱོར་རེ་ཞུ་བྱས་ཏེ་བཅའ་ཁྲིམས་ཀྱི་མཚོན་ཆར་བརྟེན་ནས་རང་ཉིད་ལ་སྲུང་སྐྱོང་བྱེད་ཤེས་པ་བྱེད་དགོས་པའི་སློབ་སྟོན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།