དུག་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་ནས་བདེ་ཐང་འཚོ་བར་སྲུང་སྐྱོང་བྱེད་པ།

ཉེ་ཆར། རང་སྐྱོང་ལྗོངས་དུག་འགོག་གཞུང་ལས་ཁང་གིས་སྡེ་ཚན་མང་པོ་དང་མཉམ་དུ་ལྷ་ས་མེ་འཁོར་འབབ་ཚུགས་དང་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ“སྨན་རྫས་གང་བྱུང་དུ་སྤྱོད་རྒྱུ་བཀག་འགོག་བྱས་ནས་བདེ་འཇགས་ངང་ཕྱིར་ལོག་ཐུབ་པར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་དུག་འགོག་གི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། མེ་འཁོར་འབབ་ཚུགས་ཀྱི་འཛུལ་སྒོ་དང་གནམ་ཐང་གི་གནམ་གྲུ་སྒུག་སའི་ཚོམས་ཆེན་དུ་ལས་དོན་པས་དྲིལ་བསྒྲགས་སྟེགས་བུ་བཙུགས་ཏེ། འགྲུལ་པར་རྒྱ་བོད་ཤན་སྦྱར་གྱི་དུག་འགོག་དྲིལ་བསྒྲགས་ལག་དེབ་དང་དྲན་རྟེན་དངོས་པོ་སྤྲད་པ་མ་ཟད། གློག་རྡུལ་བརྙན་ཤེལ་ལ་བརྟེན་ནས་དུག་འགོག་གི་སྤྱི་ཕན་བརྡ་ཁྱབ་བསྟན་པ་རེད། འདི་ནི་སྤྱི་བདེ་ཉེན་རྟོག་པས་འགྲུལ་པར་དུག་རྫས་གཏན་འགོག་གི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།