མཐའ་མཚམས་སྐོར་ཞིབ་བྱས་ཏེ་མངའ་ཁོངས་སྲུང་། སྦྱར་ཡིག་དམར་པོས་ཐོག་མའི་བསམ་འདུན་མཚོན།

འདི་ནི་མི་དམངས་ཉེན་རྟོག་པས་སྐོར་ཞིབ་བྱེད་བཞིན་པ།
ཉེ་ཆར། ས་བབ་སྨི་4300ཟིན་པའི་གངས་ལྗོངས་ས་མཐོར། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་བཀྲ་ཤིས་འཛོམས་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རུ་བསྟར་བསྒྲིགས་ནས་སྐོར་ཞིབ་བྱས་ཏེ། “ཀྲུང་གོ ང་ཁྱེད་ལ་དགའ”ཞེས་པའི་སྦྱར་ཡིག་ཆེན་པོའི་འོག་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད།སྐོར་ཞིབ་བྱེད་ཐེངས་རེ་རེ་ནི་བརྩེ་བ་ཆེན་པོས་རྒྱལ་ཁབ་ས་ཆ་བརྟན་སྲུང་བྱེད་པ་ཡིན་ཞིང་། སྟོབས་ལྡན་གྱི་དམ་བཅའ་འདི་བྲག་རིའི་ངོས་སུ་བརྐོས་ཡོད་པ་མ་ཟད། གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་ཉིན་ལྟར་སྐོར་སྲུང་བྱེད་པའི་ཞབས་རྗེས་ནང་དེ་བས་ཀྱང་འཁོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།