དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དམག་མིར་ཞུགས་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-17

    པར་རིས་འདི་དག་ནི་ན་གཞོན་ཚོས་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པའི་པར་རིས་ཡིན་པ།

    ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་2026ལོའི་ལོ་སྟོད་ཀྱི་དམག་བསྡུའི་གཟུགས་པོ་བརྟག་དཔྱད་ལས་དོན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གཟུགས་པོ་བརྟག་དཔྱད་ལྟེ་གནས་སུ་འགོ་ཚུགས་པ་རེད། གྲོང་ཁྱེར་ཡོངས་ཀྱི་སེམས་ཤུགས་ཆེ་བའི་ན་གཞོན་ཚོས་ལས་དོན་པའི་སྣེ་ཁྲིད་འོག་ཁག་བགོས་ངང་གཟུགས་པོ་བརྟག་དཔྱད་ཁུལ་དུ་བསྐྱོད་དེ་ཁོག་ནད་དང་། ཕྱི་ནད། མིག་ནད་སོགས་བརྟག་དཔྱད་མང་པོ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་དམག་བསྡུའི་ལས་དོན་སྤེལ་འགོ་ཚུགས་ཚུན། ལྷ་ས་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གིས་དམག་བསྡུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་དོན་པའི་ལས་སྒོའི་གསོ་སྦྱོང་ཚོགས་འདུ་དང་། སྐུལ་སྤེལ་ཚོགས་འདུ། སྤྱོད་གཙང་དམག་བསྡུའི་སྐུལ་སློང་ཚོགས་འདུ་བཅས་ཐེངས་མང་འཚོགས་ནས་དམག་མི་སྤུས་ལེགས་བསྡུ་བའི་འགག་སྒོ་ཚང་མ་ཡག་པོ་བསྲུངས་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།