རྟག་ཏུ་དམིགས་བསལ་དང་ཉེན་ཁའི་གནས་ཚུལ་ལ་གཞིགས་ནས་སྦྱོང་བརྡར་བྱེད་པ།
—— བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་ནང་དོན་མང་པོ་མཉམ་འདྲེས་ཀྱི་དངོས་འཐབ་ནང་སྦྱོང་བྱས་པ།

འདི་ནི་དཔོན་དམག་ཚོས་ནང་སྦྱོང་བྱེད་བཞིན་པ།
འཁྱགས་རོམ་དང་རྡོ་ཧྲུག་གིས་བཏུམས་ལ་ས་བབ་སྨི་4000ལྷག་ཟིན་པའི་ཧི་མ་ལ་ཡའི་བྱང་རྒྱུད་དུ། དཔྱིད་ཀྱི་དུས་སུའང་གྲང་ངར་ཧ་ཅང་ཆེ་ཞིང་། བཀོད་འཐབ་པ་སུན་ཅིན་ཅུན་གྱིས་བཏང་བའི་བཀའ་བརྡ་རླུང་བུའི་ཁྲོད་གྲགསབྱུང་། དཔོན་དམག་རྣམས་ལམ་སེང་གཅིག་ཏུ་འཛོམས་ནས་ནང་དོན་མང་པོ་མཉམ་འདྲེས་ཀྱི་དངོས་འཐབ་ནང་སྦྱོང་ཚ་ཚ་འུར་འུར་བྱས།
ད་རེས་ཀྱི་དམིགས་བསལ་གནས་ཚུལ་མང་པོར་གཞིགས་པའི་སྐོར་གཡེང་ནང་སྦྱོང་ནི་དཔུང་སྡེ་དེས་དངོས་འཐབ་ཅན་གྱི་དམག་སྦྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། ཁོང་ཚོས་སྔར་ཡོད་ཀྱི་སྐོར་གཡེང་གི་བསམ་བློ་ལས་བསྒྲལ་ཏེ་སྐོར་གཡེང་ཁྲོད་རྙོག་འཛིང་ཆེ་བའི་དགྲ་བོའི་གནས་ཚུལ་དང་རྒྱུན་གཏན་མིན་པའི་དམིགས་བསལ་གནས་ཚུལ་ཐོན་པ་ལྟར་དཔུང་སྡེའི་སྐབས་འཕྲལ་ཚུར་ལན་དང་དངོས་འཐབ་ཀྱི་ནུས་པར་ཕྱོགས་ཡོངས་ནས་ཞུན་བརྡར་དང་དུས་རབས་གསར་པའི་མཐའ་སྲུང་མི་སྣའི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འཇོན་ཐང་ལ་ཞུན་བརྡར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།