དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་བསྐྱར་གྲོས་དང་གྱོད་དཔེས་ཁྲིམས་འགྲེལ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-17

    ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་བྱས་ཏེ། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་བསྐྱར་གྲོས་དང་གྱོད་དཔེས་ཁྲིམས་འགྲེལ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། སྒྲོག་འགྲེལ་བྱེད་རིང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་སྲིད་འཛིན་བསྐྱར་གྲོས་དང་ཞུ་ལན་ཁྲུའུ་ཡི་ལས་དོན་པ་3གྱིས་ལས་རྨས་ངོས་འཛིན་གཏན་འཁེལ་དང་། སྲིད་འཛིན་ཆད་གཅོད། ཞུ་གཏུག་ཐེར་འདོན་བཅས་རིགས་ཀྱི་སྲིད་འཛིན་བསྐྱར་གྲོས་གྱོད་གཞིར་དམིགས་ཤིང་། ཁེ་ལས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་སྲིད་འཛིན་རྩོད་གཞིར་ཁ་གཏད་གཅོག་རྒྱུ་དང་ཟུང་འབྲེལ་བྱས་ཏེ། དཔེ་མཚོན་གྱོད་གཞིའི་གནས་ཚུལ་ངོ་སྤྲོད་དང་། རྩོད་གཞིའི་མདོ་གནས་དབྱེ་ཞིབ། བཅའ་ཁྲིམས་ཀྱི་འབྲེལ་བ་ལེགས་སྒྲིག དེ་བཞིན་ཐག་གཅོད་བྱེད་པའི་བརྒྱུད་རིམ་དཔྱད་ཞིབ་བཅས་བྱས་པ་བརྒྱུད། སྲིད་འཛིན་བསྐྱར་གྲོས་ཀྱིས་སྲིད་འཛིན་རྩོད་གཞི་དངོས་སུ་སེལ་བ་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐད་ཐོན་པའི་ནུས་པ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། དེ་དང་ཆབས་ཅིག་ཁེ་ལས་ལ་སྲིད་འཛིན་བསྐྱར་གྲོས་བདག་སྤྲོད་བྱེད་ཁོངས་དང་། རེ་ཞུའི་ཆ་རྐྱེན། འགྲོ་ལུགས་གཉེར་རིམ་སོགས་ཀྱི་ནང་དོན་དང་དེ་བཞིན་སྲིད་འཛིན་བསྐྱར་གྲོས་རེ་ཞུ་བྱེད་སྐབས་དོ་སྣང་བྱེད་དགོས་པའི་ནང་དོན་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། ཆེད་ལས་རང་བཞིན་ལྡན་ལ་སྤྱོད་གོ་ཆེ་བའི་ནང་དོན་དེ་དག་ལས་ཁེ་ལས་ཀྱི་སྲིད་འཛིན་བསྐྱར་གྲོས་ཐད་ངོས་འཛིན་ཟབ་མོ་བྱུང་མེད་པ་དང་སླད་ཕྱིན་སྲིད་འཛིན་བསྐྱར་གྲོས་རེ་ཞུ་བྱེད་རིང་གི་དཀའ་གནད་ནུས་ལྡན་སེལ་ཐུབ་ཡོད།

    བྱེད་སྒོ་སྤེལ་རིང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་ད་དུང་ཚོགས་ཞུགས་ཁེ་ལས་དང་ཚོང(མཐུན་ཚོགས)ཚོགས་ཀྱི་འཐུས་མིར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》《སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》སོགས་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་300ལྷག་ཙམ་སྤྲད་པ་རེད། བྱེད་སྒོ་སྤེལ་མཇུག་འགྲིལ་རྗེས། ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་གཉེར་སྐྱོང་ཁྲོད་རང་ཉིད་ལ་འཕྲད་པའི་སྲིད་འཛིན་རྩོད་གཞིའི་དོགས་གནད་དང་དཀའ་གནད་དང་ཟུང་འབྲེལ་བྱས་ཏེ་འཆད་འཁྲིད་པ་3དང་སྤེལ་རེས་གཏིང་ཟབ་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།