བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།
བོགས་གཏོང་ཁང་པ་བཙོངས་ཚེ་ཁང་པ་གཡར་མཁན་ལ་མུ་མཐུད་སྡོད་དབང་ཡོད་དམ།
ལན། རང་རྒྱལ་གྱིས་བཅའ་ཁྲིམས་ནང་གཏན་འབེབས་བྱས་དོན། བོགས་མར་བཏང་བའི་ཁང་པ་དེ་བོགས་མར་གཏོང་རིང་བཙོངས་ཟིན་ནའང་བོགས་གཏོང་གི་གན་རྒྱའི་གོ་ཆོད་ནུས་པར་ཤུགས་རྐྱེན་ཐེབས་ཀྱི་མེད། ཁང་པ་དེ་ཤུལ་འཛིན་པ་དང་ཤུལ་སྦྱིན་པ་སོགས་ཀྱི་དབང་གིས་བདག་པོ་བརྗེས་མོད། འོན་ཀྱང་བོགས་མར་གཏོང་རིང་། དེ་སྔ་བཞག་པའི་བོགས་གཏོང་གན་རྒྱ་དེས་བོགས་མར་གཡར་མཁན་དང་ཁང་བདག་གསར་པར་མུ་མཐུད་གོ་ཆོད་ཀྱི་ཡོད།
ཉེས་དོན་གྱོད་གཞིའི་ནང་ལོ་ཇི་ཙམ་ལ་སླེབས་ཚེ་ཉེས་དོན་འགན་འཁྲི་འཁུར་དགོས་སམ།
ལན། ཧྲིལ་ལོ་14མན་ཆད་ཀྱིས་ཉེས་ཁྲིམས་ཀྱི་འགན་འཁྲི་གང་ཡང་འཁུར་མི་དགོས། ཧྲིལ་ལོ་14ནས་ཧྲིལ་ལོ་16བར་གྱིས་ནག་ཉེས་རིགས་བརྒྱད(རྐང་བཙུགས་ནས་མི་བསད་པ་དང་། རྐང་བཙུཌ་ནས་མིར་གནོད་སྐྱོན་བཏང་རྐྱེན་རྨས་སྐྱོན་ཚབས་ཆེན་ཕོག་པའམ་ཡང་ན་ཤི་བ། བཙན་གཡེམ། འཕྲོག་བཅོམ། དུག་རྫས་འཚོང་བ། མེ་སྐྱོན། འབར་གས། ཉེན་ཡོད་དངོས་པོ་དབྱུཌ་པ་བཅས་ཀྱི་སྡིག་ཉེས་བསཌ་པ)བསཌ་ཚེ། ཉེས་དོན་འགན་འཁྲི་འཁུར་དགོས། ཧྲིལ་ལོ་16ཡན་ནི་ཉེས་དོན་འགན་འཁྲི་ཡོངས་སུ་འཁུར་བའི་ལོ་ཚད་ལ་སླེབས་ཡོད།
ཉེས་དོན་གྱོད་གཞིའི་ནང་གཉེན་ཚན་གང་དག་གིས་ཉེས་དོན་མངགས་བཅོལ་གན་རྒྱ་འཇོག་ཆོག་གམ། གཉེན་ཚན་གྱི་ཁྱབ་ཁོངས་ཅི་འདྲ་ཡིན་ནམ།
ལན། ཕ་མ་དང་། བཟའ་ཟླ། བུ་ཕྲུག་བཅས་དང་ཕ་གཅིག་མ་གཅིག་གི་གཅེན་གཅུང་ཚུད་ཡོད།
ར་བཟི་བས་སྣང་མེད་ངང་ཉེས་པ་བསགས་ཚེ་ཉེས་དོན་འགན་འཁྲི་འཁུར་ནུས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་དམ།
ལན། ར་བཟི་བས་སྣང་མེད་ངང་ཉེས་པ་བསགས་ཚེ། དེས་ཉེས་དོན་འགན་འཁྲི་འཁུར་ནུས་ལ་ཤུགས་རྐྱེན་ཐེབས་ཀྱི་མེད་པས། རང་ཉིད་ཀྱི་བྱེད་སྤྱོད་ལ་འགན་འཁུར་དགོས་ཀྱི་ཡོད།
སྐབས་སྐབས་སུ་སྨྱོ་ནད་ལངས་པའི་ནད་པས་ཉེས་དོན་གྱི་གྱོད་གཞིའི་ནང་བྱས་ཉེས་བསགས་པའི་བྱེད་སྤྱོད་ལ་ཉེས་དོན་འགན་འཁྲི་འཁུར་དགོས་སམ།
ལན། གནད་འགག་ནི་ནད་པས་བྱས་ཉེས་གསོག་པའི་སྐབས་སུ་སྨྱོ་ནད་ལངས་ཡོད་མེད་ལ་ལྟ་དགོས། གལ་ཏེ་སྨྱོ་ནད་ལངས་ཡོད་ན། ཉེས་དོན་འགན་འཁྲི་འཁུར་མི་དགོས། སྨྱོ་ནད་ལངས་མེད་པའི་སྐབས་སུ་ནག་ཉེས་བསགས་ན་ཉེས་དོན་འགན་འཁྲི་འཁུར་དགོས།
འབྲེལ་ཡོད་གསར་འགྱུར།