དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།

    བཅའ་ཁྲིམས་ལ་བརྟེན་ནས་ཁྱིམ་ཚང་འཆམ་མཐུན་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-17

    འདི་ནི་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“རྐུབ་སྟེགས་སྒྲོག་འགྲེལ”གྱི་བྱེད་སྒོ་སྤེལ་བཞིན་པ།

    འདི་ནི་ཁྲེན་ཡིང་གིས་ཁྱིམ་ཚང་དང་གཉེན་སྒྲིག་གི་རྩོད་གཞི་འདུམ་འགྲིག་བྱེད་བཞིན་པ།

     ཉེ་ཆར། ཁྲིམས་འཛིན་པུས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་ཐོག《2025ལོའི་རྒྱལ་ཡོངས་ཀྱི་གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞིའི་མི་དམངས་འདུམ་འགྲིག་ལས་དོན་གྱི“འགྲན་བསྡུར་ཆེ་མོའི”བྱེད་སྒོའི་རིང་བྱས་རྗེས་གཟེངས་སུ་ཐོན་པའི་མི་སྒེར་དང་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་རྒྱུའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་ནས་རྒྱལ་ཡོངས་ཀྱི་གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞིའི་མི་དམངས་འདུམ་འགྲིག་ལས་དོན་ཁྲོད་ཀྱི་ཕུལ་བྱུང་མི་སྒེར་96དང་ཚན་པ་20བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་པ་རེད། དེའི་ཁྲོད་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞིའི་མི་དམངས་འདུམ་འགྲིག་ཨུ་ལྷན་གྱི་འདུམ་འགྲིག་པ་དང་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་ཁྲེན་ཡིང་ལ་ཆེད་ལས་བྱང་ཚད་མཐོ་པོ་ལྡན་པས། “བྱས་རྗེས་གཟེངས་སུ་ཐོན་པའི་མི་སྒེར”གྱི་མཚན་སྙན་ཐོབ་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞིའི་འདུམ་འགྲིག་ལས་དོན་གྱི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

    ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་ཕྲ་ཕུང་ལྟ་བུ་ཡིན་པ་དང་། གཉེན་སྒྲིག་དང་ཁྱིམ་ཚང་འཆམ་མཐུན་བརྟན་ལྷིང་ནི་སྤྱི་ཚོགས་འཆམ་མཐུན་ཡོང་བའི་རྨང་རྡོ་ལྟ་བུ་ཡིན། ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞི་འདུམ་འགྲིག་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་བསལ་ཏེ། བརྩེ་སེམས་དང་ཁྲིམས་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་དང་འཆམ་མཐུན་སྲུང་སྐྱོང་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་ཁྱིམ་ཚང་གི་རྨང་གཞི་བརྟན་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་ཁྲོད་གཉེན་སྒྲིག་དང་ཁྱིམ་ཚང་གི་འདུམ་འགྲིག་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།