དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས།

    གློག་འཕྲིན་ཁ་བསླུས་འགོག་ཟོན་གྱི་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-17

    ཉིན་ཤས་བསྟུད་མར། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་སྡེ་ཚན་ཁག་གི་ལས་དོན་པ་ཁོངས་གཏོགས་ཁུལ་དུ་བསྐྱོད་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་གྱི་ཆེད་དོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཏེ། ཁ་བསླུས་སྔོན་འགོག་གི་བདེ་འཇགས་ཀྱི་འགོག་སྲུང་དྲ་རྒྱ་ཞིག་ཁྱོན་ཡོངས་ནས་ཆགས་པར་བྱས་ཡོད།

    དྲིལ་བསྒྲཌ་བྱེད་རིང་། མི་དམངས་ཉེན་རྟོག་པས་དགུན་དུས་མང་ཚོགས་ཕྱིར་སྐྱོད་མང་བའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས། སྡེ་ཁུལ་གྱི་རྒན་དར་ཚོགས་སྤྱིར་དམིགས་ནས་སྡེ་ཁུལ་དང་ཐང་ཆེན་ལ་བསྐྱོད་དེ། དྲིལ་བསྒྲཌ་ཤོག་བྱང་སྤྲོད་པ་དང་། གྱོད་དཔེ་དྲངས་པ། བཀོལ་སྤྱོད་བྱེད་སྟངས་སློབ་པ་སོགས་ཀྱི་བྱེད་ཐབས་བརྒྱུད། རྒན་གསོའི་དངུལ་ཁ་བསླུས་དང་། རྫུན་བཤད་ནས་དངོས་ཟོག་ཉོ་རུ་འཇུག་པ་སོགས་ཀྱི་བསླུ་བྲིད་བྱེད་སྟངས་ལ་འགྲེལ་བཤད་བརྒྱབ་སྟེ། ཚང་མར་རང་ཉིད་ཀྱི་ཆ་འཕྲིན་ཕྱིར་མ་གྱར་བ་དང་དངུལ་གང་བྱུང་དུ་བསྒྱུར་རྒྱུ་མེད་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།