དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དགེ་རྒྱས་རྫོང་ཚྭ་ཁ་ཤང་མངགས་གཏོང་ཁང་གིས།

    ཆེད་དོན་བདེ་འཇགས་ཞིབ་བཤེར་གྱི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-17

    ཁོངས་གཏོགས་ཁུལ་གྱི་མྱུར་སྐྱེལ་ཟོག་འགྲུལ་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བསལ་ནས་བདེ་འཇགས་བརྟན་ལྷིང་ལ་འགན་ལེན་བྱ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ཚྭ་ཁ་ཤང་མངགས་གཏོང་ཁང་གིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་མྱུར་སྐྱེལ་ཟོག་འགྲུལ་ཁུལ་དུ་ཆེད་དོན་བདེ་འཇགས་ཞིབ་བཤེར་བྱེད་པའི་བྱ་སྤྱོད་སྤེལ་བ་རེད།

    ཞིབ་བཤེར་བྱེད་རིང་། མི་དམངས་ཉེན་རྟོག་པས་ལས་གཉེར་ཁང་གི་འགན་འཁུར་བར་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས། མྱུར་སྐྱེལ་ཟོག་འགྲུལ་ཐབས་ལམ་སྤྱད་དེ་ཉེན་ཡོད་འབར་གས་དངོས་རྫས་དང་ལྟ་སྡོམ་བྱེད་ཁོངས་སུ་ཚུད་པའི་ལག་ཆ་སོགས་བཀག་སྡོམ་བྱེད་པའི་དངོས་རྫས་ཁྲིམས་འགལ་ངང་སྐུར་སྐྱེལ་བྱེད་རིགས་གཏན་འགོག་བྱེད་དགོས་པ་དང་། བཀག་སྡོམ་བྱེད་པའི་དངོས་རྫས་སམ་ཡང་ན་བཀག་སྡོམ་བྱེད་པའི་དངོས་རྫས་དང་འབྲེལ་བ་ཡོད་པ་སོགས་ཀྱི་དོགས་ཡོད་གནས་ཚུལ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་མངགས་གཏོང་ཁང་ལ་སྙན་སེང་ཞུ་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།