གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྲུང་སྐྱོབ་བྱས་པ།
ཉེ་དུས་གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལས་ཁུངས་ཀྱི་ཏང་ཀྲི་པུའུ་བཞི་པས་གཞིས་རྩེ་གྲོང་ཁྱེར་ཕན་བདེ་ཁང་གཉིས་པ་དང་མཉམ་དུ“ཞིབ་དཔྱོད་བརྩེ་བས་བྱིས་པའི་སེམས་པ་དྲོས། ཁྲིམས་ལུགས་སྤྱད་དེ་འཚར་ལོངས་སྲུང་སྐྱོང་བྱེད”ཅེས་པའི་ལོ་གསར་གྱི་འཚམས་འདྲི་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ཀྲི་པུའུ་ཏང་ཡོན་ལས་བྱེད་ཉེན་རྟོག་པས་ཕན་བདེ་ཁང་གི་དགེ་སློབ་དང་མཉམ་དུ་བྱམས་བརྩེའི་མཉམ་སྒུལ་བྱེད་སྒོ་སྤེལ་ནས། ཕྲུ་གུ་ཚོའི་འཚོ་བའི་གོམས་གཤིས་དང་། སློབ་སྦྱོང་གི་གནས་ཚུལ། ལུས་སེམས་བདེ་ཐང་བཅས་སྐོར་དྲིས་ཏེ། སྙིང་གཏམ་བཤད་ནས་འབྲེལ་བ་ཟབ་གཏོང་དང་ཐུགས་ཁུར་བརྒྱུད་སྤྲོད་བྱས་ཡོད། ལས་བྱེད་ཉེན་རྟོག་པས་གྲ་སྒྲིག་ཞིབ་ཚགས་བྱས་པའི་ལོ་གསར་གྱི་འཚམས་འདྲིའི་དངོས་པོ་ཕྲུ་གུ་ཚང་མར་སྤྲད་པ་རེད།
གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་གི་འགན་འཁྲི་གཙོ་བོར་མུ་མཐུད་དམིགས་ནས། ཁྲིམས་སྐྱོང་ཤེས་བྱ་སློབ་གྲྭ་དང་ཕན་བདེ་ཁང་སོགས་སུ་གཤམ་སྤེལ་བྱེད་པའི་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། བཅའ་ཁྲིམས་ཁྱབ་གདལ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་དེའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་། ན་སོ་དར་ལ་མ་བབས་པའི་མིའི་གོ་རྟོགས་ཁྱད་ཆོས་དང་དེ་བས་འཚམ་པའི་བྱེད་སྟངས་སྤྱད་དེ་ཁྲིམས་སྐྱོང་འདུ་ཤེས་བརྒྱུད་སྤྲོད་བྱེད་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འཛིན་སྲུང་སྐྱོང་དྲ་རྒྱ་ཚགས་དམ་དུ་བཏང་སྟེ། ཞིབ་དཔྱོད་ཀྱི་འགན་འཁྲི་ཁུར་སེམས་ཆེན་པོར་བརྟེན་ནས་ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཕྱོགས་ཡོངས་ཀྱི་ཁྲིམས་སྐྱོང་སྲུང་བཅད་བརྟན་པོ་ཞིག་བསྐྲུན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།