ལྷ་ས་འགྲིམ་འགྲུལ་ཉེན་རྟོག་པས་ཁེ་ལས་སུ་ཞིབ་བཤེར་བྱས་ནས་འགྲིམ་འགྲུལ་གྱི་བདེ་འཇགས་འགན་འཁྲི་ནན་དུ་བཏང་བ།
ཉེ་དུས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གྲོང་ལྷོ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ལྷ་སའི་གངས་ལྗོངས་མུ་ཏིག་ཡུལ་སྐོར་རླངས་འཁོར་སྐྱེལ་འདྲེན་ཚད་ཡོད་ཀུང་སིར་བསྐྱོད་དེ“གནད་སྨིན་ལྟ་སྐུལ་མཛུབ་ཁྲིད་དང་ས་གནས་ས་ཐོག་ཏུ་བཅོས་སྒྲིག”གི་བྱེད་སྟངས་སྤྱད་དེ། ཉེན་ཁ་ཆེ་བའི་སྐྱེལ་འདྲེན་ཁེ་ལས་ལ་ཆེད་དོན་བདེ་འཇགས་ཞིབ་བཤེར་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱི་བདེ་འཇགས་བྱེད་པོའི་འགན་འཁྲི་ནན་དུ་དང་འགྲོ་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་འགོག་རགས་བརྟན་དུ་བཏང་བ་རེད།
ཞིབ་བཤེར་བྱེད་རིང་། མི་དམངས་ཉེན་རྟོག་པས་ལམ་ལུགས་ཀྱི་རྩིས་ཁྲ་ཀློག་བཤེར་དང་། འགུལ་རྣམ་ཅན་གྱི་ལྡིར་སོ་སྤྲོས་ཆས་ཀྱི་གྲངས་གཞི་སྐོང་འཐེན། ཁ་ལོ་བའི་འོས་ཐོབ་ཡིག་ཚགས་ལ་ཞིབ་བཤེར། རླངས་འཁོར་གྱི་བདེ་འཇགས་སྒྲིག་བཀོད་ལ་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་ཕྱོགས་ཡོངས་ནས་ཁེ་ལས་ཀྱི“བདེ་འཇགས་ལ་བརྟག་དཔྱད”བྱས་པ་རེད། ད་ཐེངས་ཞིབ་བཤེར་བྱེད་རིང་ལྷུ་ཚིགས་གཙོ་བོར་དམིགས་ཏེ་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་དང་། བདེ་འཇགས་སློབ་གསོ་གསོ་སྦྱོང་། འཕྲལ་སྡོམ་སྔོན་ཇུས་སོགས་ལམ་ལུགས་དོན་འཁྱོལ་བྱས་ཚུལ་དང་། དེ་བཞིན་འགུལ་རྣམ་ཅན་གྱི་ལྡིར་སོ་སྤྲོས་ཆས་ལས་སྟེགས་ཀྱི་ཉིན་མཚན་དབྱེར་མེད་ཀྱི་ལས་རེས་ལམ་སྲོལ་གྱི་འཁོར་སྐྱོད་གནས་ཚུལ་དང་མྱུར་ཚད་ལས་བརྒལ་བ་དང་ངལ་དུབ་འཁོར་གཏོང་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་སྔོན་ཚུད་ནས་ཉེན་བརྡ་གཏོང་ཚུལ་ལ་ཞིབ་དཔྱད་ནན་པོ་བྱས་པ་རེད།
ཁ་ལོ་བའི་འོས་ཐོབ་དང་འགྲིམ་འགྲུལ་ཁྲིམས་འགལ་གྱི“གཙང་བཤེར”གནས་ཚུལ་ལ་ཞིབ་བཤེར་ནན་པོ་བྱས་ཤིང་། རླངས་འཁོར་གྱི་མེ་གསོད་ཡོ་ཆས་དང་། སྲུང་ཐག འཁོར་ལོ་སོགས་འགག་རྩའི་བདེ་འཇགས་ཀྱི་ལྷུ་ལག་ལ་ཞིབ་བཤེར་ནན་པོ་བྱས་པ་རེད།
ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་དོན་ཐོག་ཏུ་འཁྱོལ་མེད་པ་དང་། ཁ་ལོ་བ་ཁག་གཅིག་གི་བདེ་འཇགས་སློབ་གསོའི་ཟིན་ཐོ་འཐུས་སྒོ་ཚང་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། མི་དམངས་ཉེན་རྟོག་པས་ཁེ་ལས་ཀྱི་འགན་འཁུར་བར་གནད་དོན་གྱི་གསལ་ཐོ་ལན་སྤྲོད་བྱས་ཏེ། མངོན་མེད་རྐྱེན་ངན་གྱི་ཉེན་ཁར་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། ཡུལ་དངོས་སུ《དག་ཐེར་ཡོ་བསྲང་་གི་བཀའ་བཀོད་བརྡ་ཐོ》བཏང་ཞིང་། དག་ཐེར་ཡོ་བསྲང་གི་བླང་བྱ་དང་། བྱ་ཐབས། དུས་བཀག་བཅས་ཁ་གསལ་བཟོས་ཏེ་ཁེ་ལས་ལ་འཕྲལ་མར་ཇུས་གཞི་བཟོས་ཏེ་རེ་རེ་བཞིན་དག་ཐེར་ཡོ་བསྲང་བྱེད་དུ་བཅུག་པ་རེད།
འབྲེལ་ཡོད་གསར་འགྱུར།